ཀྲུང་གོ་བོད་ཀྱི་དྲ་བ།

མདོ་ལ་རི་བོའི་མི་ཐབས་རིག་ནུས་གསོ་སྦྱོང་རྟེན་གཞི་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞིར་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་གྱི་ཆེས་ཐོག་མའི་མི་ཐབས་རིག་ནུས་གསོ་སྦྱོང་རྟེན་གཞི་སྟེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་མདོ་ལ་རི་བོའི་སྐྱེ་ཁམས་ཞིབ་འཇུག་ཁང་གི་མི་ཐབས་རིག་ནུས་གསོ་སྦྱོང་རྟེན་གཞི་དེ་ཟླ3པའི་ཚེས9ཉིན་ཟི་ལིང་མཁར་ལྷོ་ཁུལ་གསར་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་གློག་རྡུལ་ཚོང་དོན་དཔེ་སྟོན་རྟེན་གཞིར་གསར་དུ་བཙུགས། 

“མི་ཐབས་རིག་ནུས+”དེ་ཆེས་ཐོག་མར་ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་བྲིས་པ་དང་། མི་ཐབས་རིག་ནུས་ལ་འཕེལ་རྒྱས་ཀྱི་དུས་ཚིགས་བསུ་ཡོང་། མི་ཐབས་རིག་ནུས་བེད་སྤྱོད་ཅན་གྱི་རྩལ་ནུས་གསར་གཏོད་གསོ་སྦྱོང་གི་དགོས་མཁོ་ཉིན་རེ་བཞིན་འཕར་སྣོན་བྱུང་བར་གོ་སྐབས་ཆེན་པོར་གདོང་གཏད་དེ། མདོ་ལ་རྫོང་ཀྲུང་གོའི་སྤྱི་ཚོགས་ཚན་རིག་མདོ་ལ་རི་བོའི་སྐྱེ་ཁམས་ཞིབ་འཇུག་ཁང་གིས་ཞིང་ཆེན་ཕྱི་ནང་གི་ཕྱོགས་སོ་སོའི་ཐོན་ཁུངས་གཅིག་སྒྲིལ་བྱས་ཏེ། ཞིབ་འཇུག་ཁང་གི་ཉེ་བའི་ལོ་ཤས་རིང་གི་གསར་སྐྲུན་གསར་གཏོད་ནུས་རྩལ་གསོ་སྦྱོང་ཐད་ཀྱི་ཉམས་མྱོང་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། མཚོ་སྔོན་སློབ་ཆེན་ཚན་རྩལ་གླིང་མཚོ་སྔོན་ཆིན་ཆིན་ཆི་ཏིའི་སློབ་གསོའི་དོ་དམ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་སྒོས་ཀྲུང་གོའི་སྤྱི་ཚོགས་ཚན་རིག་མདོ་ལ་རི་བོའི་སྐྱེ་ཁམས་ཞིབ་འཇུག་ཁང་གི་མི་ཐབས་རིག་ནུས་གསོ་སྦྱོང་རྟེན་གཞི་གསར་དུ་བཙུགས། 

མི་ཐབས་རིག་ནུས་གསོ་སྦྱོང་རྟེན་གཞིའི་འགན་ཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། རྟེན་གཞི་དེས“དྲ་རྒྱའི་ཐད་གཏོང”བྱས་པ་བརྒྱུད་དེ། མི་ཐབས་རིག་ནུས་ཀྱིས་ཚན་རིག་ཁྱབ་གདལ་དྲིལ་སྒྲོག་དང་། གློག་རྡུལ་ཚོང་དོན་ཐད་གཏོང་གི་ཚན་རྩལ་ནུས་ཤུགས་བསྩལ་བ། “འཕྲུལ་མིིའི”ཚོང་རྫས་ཕྱིར་བཙོང་གི་ཚོད་ལྟ་བྱས་ནས། ཞིང་ཆེན་ཕྱི་ནང་གི་མི་ཐབས་རིག་ནུས་ཁེ་ལས་དང་ཆེད་མཁས་པར་སྦྲེལ་མཐུད་བྱེད་པ་བརྒྱུད་དེ། དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་རྣམ་པས། མི་ཐབས་རིག་ནུས་བེད་སྤྱོད་ཅན་གྱི་ནུས་རྩལ་གསོ་སྦྱོང་བྱ་བ་སྤེལ་བ་དང་། མི་ཐབས་རིག་ནུས་ཀྱི་ཚོགས་པའི་རྣམ་པ་བརྒྱུད་ནས། སློབ་མ་ཚོ་ཞིང་ཆེན་ཕྱི་ནང་གི་མི་ཐབས་རིག་ནུས་ཁེ་ལས་དང་། མི་ཐབས་རིག་ནུས་བེད་སྤྱོད་ཅན་གྱི་དཔེ་སྟོན་ཁེ་ལས་སུ་སོང་ནས། སློབ་སྦྱོང་དང་དངོས་སྦྱོང་བགྲོ་གླེང་། མི་ཐབས་རིག་ནུས་གསོ་སྦྱོང་བརྒྱུད་དེ། མཚོ་སྔོན་གྱི་ལས་རིགས་སོ་སོའི་ཁེ་ལས་དང་ཞིང་ཆེན་ཕྱི་ནང་གི་མི་ཐབས་རིག་ནུས་ཁེ་ལས་དང་འབྲེལ་བ་བཙུགས་ཏེ། མཉམ་ལས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཚུལ་བསྟན། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།