ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཟི་ལིང་དུ་འབྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས12ཉིན། སྐབས་བཅུ་བཞི་བའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་འཐུས་མིས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱས་རྗེས། ཕྱིར་ཟི་ལིང་དུ་འབྱོར། 

གྲོས་ཚོགས་སྐབས་སུ། རང་ཞིང་གིས་རྒྱལ་ཡོངས་དམངས་ཆེན་འཐུས་མིས་དམངས་ཚིས་གླེང་བ་དང་། འཕེལ་རྒྱས་དང་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། མི་དམངས་ཀྱི་འདོད་བློ་མངོན་ནས། གཏན་ཁེལ་གྱི་གོ་རིམ་ལྟར་ཁྱོན་གྲོས་གཞི1དང་བསམ་འཆར20བཏོན། 

འཐུས་མི་ཝང་ཀོ་ཏུང་གིས་བཤད་རྒྱུར། ཚོགས་ཆེན་བདེ་བླག་ངང་མཇུག་སྒྲིལ་བ་དང་། མདུན་ལྗོངས་གསལ་བོར་བྲིས་ཡོད་ལ། དམིགས་འབེན་གསལ་བོར་བྱས་ཤིང་། ང་ཚོས‘ལས་བྱེད་པས་སྒྲུབ་དགོས་པ་དང་།རིག་ལམ་གསལ་བོ་ཡིན་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པའི’བླང་བྱ་ལྟར། ས་གནས་ཀྱི་དོན་དངོས་ལྟར་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་། གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བཟང་བོ་བྱས་ནས། ཚོགས་ཆེན་གྱི་གྲོས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་གྱི་ས་གཞི་སྟེང་དུ་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར། 

“འདི་ནི་དར་ཆ་མཐོན་པོར་བསྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ་གྱི་ཚོགས་ཆེན་ཞིག་ཡིན་ལ། རྗེས་ཕྱོགས་ངའི་ལས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་སྒོས། ཚོགས་ཆེན་གྱི་དགོངས་དོན་དེ་སྐྱེ་ཁམས་ཁོར་སྲུང་གི་ལས་དོན་ཁྲོད་དོན་འཁྱོལ་བྱེད་པ་དང་། ཏན་ཏིག་གིས་རྟོག་ཞིབ་ཞིབ་འཇུག་བྱས་ཏེ། བསམ་འཆར་ལེགས་པོ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་། མཛེས་སྡུག་གི་ཀྲུང་གོའི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་འཐུས་མི་ཞུས་ཆིན་མིན་གྱིས་དེ་ལྟར་བཤད། 

འབོད་སྐུལ་བསྒྲགས་ཤིང་། མདུན་བསྐྱོད་ཀྱི་གོམ་སྟབས་སྔར་ལས་བརྟན། འཐུས་མི་ཚོའི་གཅིག་མཐུན་གྱིས་བསྟན་དོན། ཕྱིར་བྱ་བའི་ལས་གནས་དུ་འབྱོར་རྗེས། ཁྱོན་ཡོངས་ནས་དྲིལ་སྒྲོག་དང་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་བྱས་དང་དཔེ་སྟོན་བྱས་ཏེ། དོན་དངོས་ལ་རྐང་བཙུགས་ནས་རྒྱལ་ཁབ་དང་མཚོ་སྔོན་གྱི་འཕེལ་རྒྱས་ཐད་བྱས་རྗེས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན་ཚུལ་བསྟན། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།