ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་ཆོད་འཆར་ཟིན་ཁག་ལ་མུ་མཐུད་དུ་གྲོས་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་འཐུས་ཚབ་ཚོགས་པས་གྲོས་ཆོད་འཆར་ཟིན་ཁག་ལ་མུ་མཐུད་དུ་གྲོས་ཞིབ་བྱས་ཤིང་། 

ཁྲེན་ཀང་གྲོས་ཞིབ་ལ་ཞུགས་པ་དང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས11ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ནས། གྲོས་ཆོད་འཆར་ཟིན་ཁག་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཁྲེན་ཀང་གྲོས་ཞིབ་ལ་ཞུགས་པ་དང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་གནང་བ། ལིའུ་ཆི་ཧྥན་དང་ཝང་ལི་མིང་གྲོས་ཞིབ་ལ་ཞུགས།

ཚོགས་ཐོག་ཏུ་རང་ཞིང་གི་འཐུས་ཚབ་ཚོགས་པས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་ལ་གྲོས་ཞིབ་བྱས། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།