ཀྲུང་གོ་བོད་ཀྱི་དྲ་བ།

ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི"འགྲན་ལམ་གསར་པར"ཡག་པོ་བསྐྱོད་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གསར་པ་གཏོད་དགོས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི"འགྲན་ལམ་གསར་པར"ཡག་པོ་བསྐྱོད་དེ་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་གསར་པ་གཏོད་དགོས་ཞེས་བསྟན།

ཁྲེན་ཀང་། (མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན།)

ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་བརྗེ་བཞི་དང་མཉམ་ལས་གཅིག་གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཐེངས་གཉིས་ཞུགས་པ་དང་། མཚོ་སྔོན་ལ་གཟིགས་ཞིབ་ཐེངས་གཉིས་གནང་སྐབས་ནུས་ཁུངས་གཙང་མའི་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཞིང་། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་ས་མགྱོགས་མྱུར་ངང་བསྐྲུན་དགོས་པའི་བླང་བྱ་གསལ་བོ་བཏོན་པ་རེད།  ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་རྒྱལ་ཁབ་ཀྱི་ནུས་ཁུངས་གལ་ཆེན་གྱི་འཐབ་ཇུས་བཀོད་སྒྲིག་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཐོན་ཁུངས་ཀྱི་ལྷན་སྐྱེས་ནུས་པ་དང་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ། ནུས་ཁུངས་གཙང་མ་གཞི་ཁྱོན་ཅན་དང་རྟེན་གཞི་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་བཏོན་གནང་བའི་བླང་བྱ་གལ་ཆེན་དེ་མཚོ་སྔོན་གྱི་ནུས་ཁུངས་གཙང་མ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་དགོས།

2023ལོའི་ཟླ12ཚེས8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་འོད་ཤུགས་ཐོན་ལས་གླིང་གི་ཟུར་ཞིག  (མི་མེད་གནམ་གྲུའི་འདྲ་པར)  ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧུང་ཞང་གིས་པར་བླངས།

གནས་འཁེལ་དང་ལེགས་ཆ་ཁོང་དུ་ཆུད་པར་བྱས་པས་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཀྱི་ཐབས་ལམ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད།  མཚོ་སྔོན་གྱི་ནུས་ཁུངས་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ནི་རྒྱལ་ཁབ་ཀྱི་ནུས་ཁུངས་བདེ་འཇགས་འཐབ་ཇུས་ཀྱི་གནས་གལ་ཆེན་ཞིག་ཡིན།   སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས།  དེ་སྔའི་འཕེལ་རྒྱས་ཀྱི་ཞན་ཆ་སྟེ་དཔེར་ན་གནམ་ཟླ་སྐམ་ཤས་ཆེ་བ་དང་རླུང་མང་ཞིང་ཆར་ཆུ་ཉུང་བ།  ཉི་མའི་ཁྱབ་འགྱེད་ཆེ་བ།  བྱེ་ཐང་དང་མྱ་ངམ་ཐང་གི་རྒྱ་ཁྱོན་ཆེ་བ་སོགས་ད་ལྟ་ཆེས་བཟང་བའི་འཕེལ་རྒྱས་ཀྱི་ལེགས་ཆར་གྱུར་ཡོད། "ཆུ་དང་འོད།  རླུང་བཅས་ཕུན་སུམ་ཚོགས་པ་དང་ས་རྒྱ་ཆེ་བ་བཅས་ཀྱི་རང་བྱུང་ལེགས་ཆའི་མི་མངོན་པའི་སྟོབས་ཤུགས་སྔར་ལས་ཇེ་ཆེར་འགྲོ་བཞིན་ཡོད།  ཞིང་ཆེན་ཡོངས་ཀྱི་ཆུ་ནུས་ཐོན་ཁུངས་ཀྱི་གཞུང་ལུགས་ཀྱི་ཆགས་ཚད་རྒྱལ་ཡོངས་ཀྱི་ཨང་ལྔ་པར་སླེབས་པ་དང་། ཉི་འོད་ནུས་པའི་ལོ་རེའི་སྤྱིའི་འགྱེད་འཕྲོའི་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དེ།  རང་རྒྱལ་ནི་རླུང་ར་ཆེན་པོ་བཞི་པ་ཡིན་ཞིང་། ནུས་ཁུངས་གསར་པ་གསར་སྤེལ་བྱེད་པར་སྤྱད་ཆོག་པའི་མྱ་ངམ་ཐང་གི་ས་ཆ་དེ་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་ལས་བརྒལ་བ་དང་། ས་འོག་ཚ་ནུས་དང་རྡོ་གཡམ་རླངས་གསོག་ཚད་ཕུན་སུམ་ཚོགས་པས།   ས་འོག་ཚ་ནུས་དང་རྡོ་གཡམ་རླངས་ཀྱི་གྲོང་ཁྱེར་ཞེས་པའི་མཚན་སྙན་ཐོབ་ཡོད།  མཚོ་སྔོན་དུ་ནུས་ཁུངས་གཙང་མའི་འཕེལ་རྒྱས་ཐད་ཆུ་དང་འོད། རླུང་བཅས་ཕུན་སུམ་ཚོགས་པའི་མཛེས་ལྗོངས་ཞིག་མངོན་ཡོད་པས།  མཚོ་སྔོན་འདི་ཉིད་ས་བབ་མཐོ་ས་ནས་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་མཐོ་སར་གོམ་སྟབས་ཆེན་པོས་བསྐྱོད་བཞིན་ཡོད།

གོ་སྐབས་དམ་འཛིན་བྱས་ནས་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ། ནུས་ཁུངས་གཙང་མ་དེ་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་དུ་འཇུག་དགོས། མིག་སྔའི་མཚོ་སྔོན་ནི་ལོ་རྒྱུས་སྟེང་འཕེལ་རྒྱས་ཀྱི་ཆེས་བཟང་པོའི་དུས་སྐབས་སུ་སླེབས་ཡོད། ན་ནིང་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤྱིའི་འཁོར་སྐྱོད་གནས་ཚུལ་ལ་བལྟས་ན། གསར་དུ་འཕར་བའི་དངུལ་བུན་ལྷག་གྲངས་དང་དངུལ་ཁང་བར་གྱི་ཁྲོམ་རའི་མ་དངུལ་གཙང་རྒྱུགས་བྱེད་ཚད་ཚང་མ་ཆེས་ཆེར་འཕར་བས། དེས་མཚོ་སྔོན་གྱི་དཔལ་འབྱོར་འཁྲུག་པོར་གྱུར་ཚད་མཐོ་བ་དང་ཁྲོམ་རས་མཚོ་སྔོན་འཕེལ་རྒྱས་ལ་ལྟ་སྟངས་ཡག་པོ་འཛིན་པ་མཚོན་པ་མ་ཟད། མཚོ་སྔོན་གྱི་ཚོང་གཉེར་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་ཕྱིན་པ་ཡང་མཚོན་ཡོད། ང་ཚོས་དྭངས་གཙང་ནུས་ཁུངས་དེ་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་ཁེ་ལས་དང་སྤུན་ཟླའི་ཞིང་ཆེན་བར་མཉམ་ལས་གཏིང་ཟབ་བྱས་ནས། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་ནུས་ཤུགས་ཡོད་རྒུས་བཏོད་དེ་ནུས་ཁུངས་ཐོན་ལས་ཀྱི་ལྗང་མདོག་འདུས་ཚད་དང་། གསེར་འདུས་ཚད། འདུས་ཚད་གསར་པ་བཅས་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་དང་། ལྗང་མདོག་ནུས་ཁུངས་དེ་འཕར་གཞི་གསར་པ་ཞིག་ཏུ་བརྩིས་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྐྱོད་བཞིན་ཡོད།

2023ལོའི་ཟླ12པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་འོད་ཤུགས་ཐོན་ལས་གླིང་གི་ཟུར་ཞིག ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་ཀྲང་ཧུང་ཞང་གིས་མི་མེད་གནམ་གྲུའི་བླངས་པའི་འདྲ་པར།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མཐོ་ས་བསྐྲུན་པའི་ལས་འགན་གཙོ་བོ་ཡིན། མཚོ་ལྷོ་དང་མཚོ་ནུབ་ཀྱི་སྟོང་ཝ་བྱེ་བ་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་གཉིས་ཀྱི་ཐོག་མའི་གཞི་ཁྱོན་རགས་ཙམ་ཆགས་པ་དང་།    ཆུ་གློག་དང་ཆུ་འཐེན་གསོག་ནུས། ནུས་ཁུངས་གསར་པ། རྣམ་པ་གསར་པའི་གསོག་ནུས་སོགས་ཀྱི་འཛུགས་སྐྲུན་ཕྱོགས་ཡོངས་ནས་མགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་གཙང་མའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་བྱེ་བ་ལྔ་དང་ས་ཡ་གཅིག་ལས་བརྒལ་བ་དང་བསྡུར་ཚད་93%ཟིན་ཡོད། མཚོ་སྔོན་དང་ཧི་ནན་ཞིང་ཆེན་གྱི་ཐད་རྒྱུག་གློག་གཏོང་ཚད་རིམ་རྩིས་བྱས་ན་སྟོང་ཝ་ཐེར་ཆེན་བཞི་དང་ཐེར་འབུམ་དགུ་དུང་ཕྱུར་གསུམ་ཟིན་ཞིང་།  དབྱངས་གཉིས་ཐྰན་འགྱུར་ཏུན་བྱེ་བ་བཞི་དང་ས་ཡ་བཞི་ཉུང་འབུད་བྱེད་པར་འདེགས་སྐྱོར་བྱས་པ་དང་མཚུངས་ཤིང་།ལྗང་མདོག་གློག་ཕྱིར་གཏོང་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་ནས་ཞིང་ཆེན14ལ་ཁྱབ་པ་དང་།པེ་ཅིན་གནམ་གྲུ་ཐང་ཆེན་མོ་དང་ཧང་ཀྲིག་ཡ་གླིང་ལུས་རྩལ་འགྲན་ཚོགས་བཅས་ཚང་མས་མཚོ་སྔོན་གྱི་ལྗང་མདོག་གློག་བཀོལ་བ་རེད།བསྟུད་མར་ལོ་དྲུག་ལ་ནུས་ཁུངས་གཙང་མས་གློག་ཡོངས་སུ་འདོན་པའི་ལག་ལེན་སྤེལ་བ་དང་། “ལྗང་མདོག་གློག་གི་གཟའ་འཁོར་ལྔ”སོགས་ཀྱི་བྱེད་སྒོ་སྤེལ་བས་བསྟུད་མར་འཛམ་གླིང་གི་ཟིན་ཐོ་གསར་པ་བཏོད་ཡོད། བརྩོན་ལེན་བྱས་པའི་སྐོར་གསུམ་པའི་རྒྱལ་ཁབ་ཀྱི་རྟེན་གཞི་ཆེན་མོའི་རྣམ་གྲངས་ཀྱིས་རྒྱལ་ཡོངས་ཀྱི་སྤྱིའི་གཞི་ཁྱོན་གྱི་10%ཟིན་པ་དང་། ཚྭ་འདམ་བྱེ་ཐང་རྟེན་གཞི་དང་མཚོ་ལྷོའི་བྱེ་ཐང་རྟེན་གཞིའི་ཕྱིར་གཏོང་བཟོ་སྐྲུན་རྒྱལ་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་ཕྱིར་གཏོང་བགྲོད་ལམ་10ཡི་ཞིབ་འཇུག་རྩིས་ཁྲའི་ནང་འཇུག་རྒྱུ་ཡིན་ལ། 2024ལོར་དྲ་སྦྲེལ་གློག་ཤུགས་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་སྟོང་ཝ་བྱེ་བ་གཅིག་དང་ས་ཡ་ལྔ་ཟིན་རྒྱུ་རེད། ན་ནིང་ལོར།བདག་གིས་ཀྲུང་གུང་འཐུས་ཚབ་ཚོགས་པ་ཁྲིད་དེ་དབྱི་ལིང་དང་ཅིར་ཅི་སི་སི་ཐན། ཐུའུ་ཁུའུ་མན་སི་ཐན་བཅས་ལ་འཚམས་འདྲི་བྱས་པ་དང་། རྒྱལ་ཁབ་གསུམ་གྱི་འགོ་ཁྲིད་ཚང་མས་མཚོ་སྔོན་གྱི་ནུས་ཁུངས་གཙང་མའི་འཕེལ་རྒྱས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཕྱི་རྒྱལ་གྱི་གྲོགས་པོ་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་སྐབས་ཚང་མས་མ་གྲོས་གཅིག་མཐུན་ངང་མཚོ་སྔོན་དུ་ཀྲུང་གོ་གུང་ཁྲན་ཏང་མིས“ཐཱན་གཉིས”བྱ་སྤྱོད་སྤེལ་བའི་ཆོད་སེམས་མཐོང་བ་དང་། ཀྲུང་གོ་འདི་ཉིད་ཐབས་ལམ་གསར་རྐྱང་ཞིག་ཏུ་བསྐྱོད་པ་མཐོང་ཐུབ།

ཐོན་ལས་འཕེལ་རྒྱས་ཀྱི“འགྲན་ལམ་གསར་པ”གཏོད་རྒྱུ་ནི་མཐོ་ས་བསྐྲུན་པའི་འདེགས་སྐྱོར་གལ་ཆེན་ཞིག་རེད། འོད་ཤུགས་དང་ནུས་གསོག་དུང་ཕྱུར་ཆེན་པོ་གཉིས་ཀྱི་ཐོན་ལས་མྱུར་དུ་འཕེལ་རྒྱས་བྱུང་ཞིང་ཆིང་ནུས་ལས་གཞི་ཐོག་མ་བསྐྲུན་ནས་ཐོན་སྐྱེད་བྱེད་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་བདར་མང་སྭེལ་དང་བདར་རྐྱང་སྭེལ། འོད་ཤུགས་ལྷུ་ལག་བཅས་ཀྱི་ཐོན་ཚད་དེ་སོ་སོར་ཏུན་འབུམ་གཅིག་དང་ཁྲི་བདུན་སྟོང་གསུམ་དང་། ཏུན་འབུམ་གཅིག་དང་ཁྲི་བདུན་སྟོང་དྲུག ཆན་ཝ་འབུམ་གསུམ་དང་ཁྲི་དྲུག་སྟོང་ལྔ་བཅས་ཟིན་པ་དང་། རྒྱལ་ནང་གིIBMགློག་རྫས་བཟོ་ལས་ཅན་གྱི་ཐོན་ཚད་སྔོན་ལ་མངོན་འགྱུར་བྱུང་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི“རྣམ་པ་གསར་པ་གསུམ”གྱི་ཁྲོད་མཚོ་སྔོན་གྱིས་སྣ་ཁ་གཉིས་ཟིན་ཡོད་པ་དང་། ཉི་ནུས་གློག་རྫས་དང་ལིས་གློག་རྫས་ཕྱིར་གཏོང་བྱེད་ཚད་སོ་སོར་ལྡབ2དང་ལྡབ3.6འཕར་ཡོད་པ་རེད། ང་ཚོས“འབྱུང་ཁུངས་དྲ་སྦྲེལ”གཞི་གཅིག་ཅན་འཕེལ་རྒྱས་གཏོང་རྒྱུ་དམ་འཛིན་བྱས་ནས།  ནུས་ཁུངས་གསར་པའི་ཁེ་ལས40ལྷག་མཚོ་སྔོན་དུ་ཡོང་ནས་འཕེལ་རྒྱས་གཏོང་བར་ནང་འགུག་བྱེད་རྒྱུ་དང་། རྒྱལ་ཡོངས་ཀྱི་མིང་གྲལ10ཡི་སྔོན་དུ་ཚུད་པའི་འོད་ཤུགས་བཟོ་སྐྲུན་ཁེ་ལས5མཚོ་སྔོན་དུ་གཞིས་ཆགས་ཡོད། དཔེར་ན། ཟི་ལིང་ནན་ཁྲོན་བཟོ་ལས་གླིང་ཁུལ་གྱི་ལི་ཧའོ་དང་། ཀའོ་ཅིང་། ཨ་ཐེ་སི། ཐེན་ཧི་འོད་ནུས་སོགས་འོད་ཤུགས་ཁེ་ལས་ཀྱི་ཡིག་རྐྱང་འཕེལ་རྒྱས་བཏང་ནས་འོད་ཤུགས་ཐོན་ལས་འབྲེལ་ཐག་ཆ་ཚང་ཞིག་ཆགས་པ་དང་། “འོད་ཤུགས་ལིས་གློག་མུ་འབྲེལ་སྲང་ལམ”དེ་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཀྱི་ལམ་ཐིག་གཙོ་བོ་ཞིག་ཏུ་གྱུར་ཡོད་ཅིང་། མཚོ་སྔོན་གྱི་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་ཁྱད་སྟོབས་དང་མདུན་ལྗོངས་ཡངས་པོ་ཞིག་ཏུ་གྱུར་ཡོད།

2023ལོའི་ཟླ12ཚེས8ཉིན། མི་མེད་གནམ་གྲུས་པར་བླངས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་འོད་ཤུགས་ཐོན་ལས་གླིང་གི་ཟུར་ཅིགཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཧུང་ཞང་།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ནི་མཐོ་ས་བསྐྲུན་པའི་དགོས་ངེས་ཀྱི་དོན་སྙིང་ཞིག་རེད། མཚོ་སྔོན་དུ་ལོ་རེ་བཞིན་གློག་སྤྱོད་ཚད་ཀྱི84%ནི་ནུས་ཁུངས་གཙང་མ་ནས་ཡོང་བ་དང་། ང་ཚོས་རྒྱལ་ཡོངས་ཀྱི་སྔོན་ལ་ལྗང་མདོག་རྩིས་རྒྱག་ཤུགས་ཀྱི་ས་གནས་ཚད་གཞི་ཁྱབ་བསྒྲགས་བྱས་ནས། ནུས་ཁུངས་གཙང་མའི་གློག་འདོན་ཤེས་ཚོར་སྟེགས་བུ་ཐོག་མ་དེ་བཙུགས་ནས། རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་རིག་ནུས་ཐཱན་ཟུང་གཞི་གྲངས་ཆེན་མོའི་ལྟེ་གནས་དང་པོ་དང་ནུས་ཁུངས་གཙང་མའི་གློག་ཤུགས་ཁུངས་ཡོངས་ཀྱི་ལྗང་མདོག་གཞི་གྲངས་ལྟེ་གནས་བཙུགས་ཏེ། འགྲིམ་འགྲུལ་དང་ཨར་ལས། 5Gསོགས་ཁྱབ་ཁོངས་ཀྱི་ནུས་ཁུངས་གཙང་མའི་ཚབ་བྱེད་གཞི་ཁྱོན་ནུས་ལྡན་ངང་ཆེ་རུ་བཏང་བས། ན་ནིང་རིམ་རྩིས་བྱས་ན་ལྗང་མདོག་བརྗེ་རེས་ལག་རྟགས་བྱེ་བ་གཅིག་དང་ས་ཡ་གསུམ་ཙམ་ཟིན་པ་དང་། ནུས་ཤུགས་ཡོད་ཚད་ཀྱིས“མཚོ་སྔོན་གྱི་ཐོན་ལས”དེ་གོ་ལ་ཧྲིལ་པོའི་ཁྲོམ་རར་བསྐྱོད་པར་རྒྱབ་སྐྱོར་ཆེན་པོ་བྱས་ཡོད། དྭངས་གཙང་ནུས་ཁུངས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་མཉམ་དུ། མཚོ་ལྷོ་ཁུལ་བཏུལ་ཐང“འོད་ཤུགས་ལྟེ་གནས”དེ་མེད་པ་ནས་ཡོད་པ་དང་། བྱེ་རླུང་གི་ཆ་སྙོམས་མྱུར་ཚད50%ཆག་པ་དང་། ས་རྒྱུའི་ཆུའི་འདུས་ཚད30%ཉུང་དུ་ཕྱིན་པ། སྔོ་ཁེབས་ཚད80%ལས་བརྒལ་བ་བཅས་བྱུང་ནས། “ཤེལ་ལེབ་ཀྱི་སྟེང་ནས་གློག་འདོན་པ་དང་ཤེལ་ལེབ་ཀྱི་བར་ནས་རྩྭ་འདེབས་པ། ཤེལ་ལེབ་ཀྱི་འོག་ནས་ལུག་འཚོ་བ”བཅས་ཀྱི་འོད་ཤུགས་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ནས། “ས་ཁོད་སྙོམས་སར་འོད་ཤུགས་ཡོད་པ་དང་བྱེ་ཐང་སྔོ་ལྗང་དུ་གྱུར་བ”དེ་དངོས་ཡོད་ཀྱི་དོན་དངོས་སུ་གྱུར་ནས། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ལ་འགྱུར་ལྡོག་བྱུང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཡོད།  ང་ཚོས་ལག་བསྟར་བྱེད་མགོ་བརྩམས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་མགོའི་དྭངས་གཙང་དྲོད་ལེན་བཟོ་སྐྲུན་ཀྱིས་བོད་འབྲེལ་ས་ཁུལ་གྱི་རོང་འབྲོག་མང་ཚོགས་ལ་རྒྱུན་མཐུད་ངང་ཕན་པ་ཐོབ་པར་བྱས་ནས། དེ་སྔ་རྡོ་སོལ་དང་ལྕི་བ་འབུད་རྒྱུར་བརྟེན་པ་སོགས་སྲོལ་རྒྱུན་གྱི་ཕན་འབྲས་དམའ་བའི་དྲོད་ལེན་བྱེད་སྟངས་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་བས། རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་པར་མ་ཟད། ས་གནས་མི་དམངས་མང་ཚོགས་ཀྱིས་དེང་རབས་ཅན་གྱི་འཚོ་བ་སྐྱེལ་ཐུབ་པར་གྱུར་ཡོད།  མཚོ་སྔོན་དུ་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་ཤུགས་སྔར་ལས་ཆེ་རུ་ཕྱིན་ཡོད།

གཅིག་གྱུར་འཆར་འགོད་དང་ཆགས་སྟངས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནུས་ཁུངས་གཙང་མ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གིས་གཏོད་དགོས། 2024ལོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"་གསར་བརྗེ་བཞི་དང་མཉམ་ལས་གཅིག"གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་བཏོན་ནས་ལོ་བཅུ་འཁོར་བའི་ལོ་ཡིན་ལ། "ལོ་ལྔའི་འཆར་འགོད་བཅུ་བཞི་བ"འཆར་འགོད་ལག་བསྟར་གྱི་གནད་འགག་གི་ལོ་ཞིག་ཀྱང་ཡིན་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་མཛུབ་སྟོན་གནང་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དེད་དེ་ དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཆབ་སྲིད་ཆེས་ཆེ་ཤོས་ལ་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་དུས་རབས་གསར་བའི་གནས་ལུགས་ཟབ་མོ་རུ་བརྩི་བ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་མཉམ་སྐྲུན་རྐྱེན་སྲོལ་བེད་སྤྱོད་འདང་ངེས་དང་བེད་སྤྱོད་ལེགས་པོ་བྱས་ནས་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་། སྲིད་ཇུས། རྟེན་གཞི། ལས་གཞི། ཁེ་ལས་བཅས་གཞི་གཅིག་ཅན་སྐྲུན་པའི་ཆགས་སྟངས་ལ་སྐུལ་འདེད་གཏོང་ཤུགས་ཇེ་མགྱོགས་སུ་བཏང་ནས་གློག་ཁུངས་གྲུབ་ཚུལ་དང་། དྲ་ཁུངས་ཀྱི་བར་སྟོང་། ཐོན་སྐྱེད་བསྡུ་ལེན། ནུས་གསོག་འཁོར་ཡུན། རིན་ཐང་དང་རིན་གོང་བཅས"སྒྲིག་སྦྱོར་གྱི་ནོར་འཛོལ་ཆེན་པོ་ལྔ"ཡི་གནད་དོན་ཐག་གཅོད་གང་ཐུབ་བྱས་ཏེ། འབད་བརྩོན་ཆེན་པོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ནུས་ཁུངས་གཙང་མ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བགྲོད་ལམ་ཞིག་ཏུ་བསྐྱོད་པར་འབད་བརྩོན་བྱ་དགོས། འཆར་འགོད་བཀོད་སྒྲིག་གིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་རྟིང་གཞི་མཐིལ་རྟོགས་བྱེད་པ་དང་། གཅིག་གྱུར་འཆར་འགོད་ཀྱི་བཀོད་སྒྲིག་ལ་དོ་སྣང་བྱས་ཏེ། རྣམ་པ་གསར་བའི་གློག་ཤུགས་མ་ལག་དང་རྟེན་གཞིའི་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་འཆར་འགོད་ཇུས་གཞི་བཟོས་ནས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཁུལ་གཙོ་བོར་བྱས་ཏེ"རླུང་དང་། འོད། ཆུ། མེ་གསོག་འཇོག"སོགས་གཞི་ཁྱོན་ཅན་དུ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། སྲིད་ཇུས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཁུངས་གཙང་མའི་ཁྲིམས་འཛུགས་དང་། ཐོན་ཁུངས་བགོ་སྒྲིག ལྷད་མེད་གློག་གི་རིན་ཐང་མངོན་འགྱུར་སོགས་ཀྱི་སྲིད་ཇུས་བྱེད་ཐབས་བཏོན་ནས་ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་རྐྱེན་སྲོལ་མཐུན་སྦྱོར་དང་འཐུས་ཚང་དུ་གཏོང་དགོས། རྟེན་གཞིའི་འཛུགས་སྐྲུན་འདེགས་སྐྱོར་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་ཚྭ་འདམ་གཤོངས་སའི་བྱེ་ཐང་རྟེན་གཞི་དང་མཚོ་ལྷོའི་གྲམ་ཐང་རྟེན་གཞི་གསར་སྤེལ་བྱེད་པར་དམིགས་ནས་གློག་དྲ་ཕན་ཚུན་སྦྲེལ་མཐུད་ཀྱི"དོན་ཚན་དང་པོ་བཀོལ་སྤྱོད་ལེགས་པོ་བྱེད་པ་དང་། དོན་ཚན་གཉིས་པ་བཀོད་སྒྲིག་བྱེད་པ། དོན་ཚན་གསུམ་པར་འཆར་འགོད”བྱེད་པའི་མཐོ་གནོན་གློག་སྐྱེལ་འདྲེན་ལ་སྐུལ་འདེད་གཏོང་དགོས། ལས་གཞི་གལ་ཆེན་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དེང་ལ་ཕན་པ་དང་ཡུན་རིང་ལ་ཕན་པའི་ཆུ་གློག་དང་། ཆུ་འཐེན་ནུས་གསོག རླུང་གློག ནུས་ཁུངས་གསར་པ་བཟོ་སྐྲུན། ཤར་གྲངས་ནུབ་རྩིས་སོགས་ཕན་ནུས་ཆེ་བའི་ལས་གཞིའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། ཁེ་ལས་འཕེལ་རྒྱས་གཞི་རྟེན་དུ་བྱེད་པ་རྒྱུན་འཁྱོངས་ཀྱིས་སྦྲེལ་ཐག་ཧྲིལ་པོའི་ལས་གཞིའི་དོ་དམ་མ་ལག་འཛུགས་པ་དང་། རྒྱུ་རྐྱེན་གཙོ་བོའི་ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་སྟེ། ཁེ་ལས་ཀྱིས་སེམས་བདེ་མོའི་ངང་མཚོ་སྔོན་དུ་མ་དངུལ་བཏང་ནས་ལས་རིགས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་སྟོབས་ཆེར་གཏོང་ཐུབ་པ་བྱེད་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།