ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་བཅའ་སྡོད་བྱས་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་སང་ཟི་ལིང་དུ་ཕྱིར་ལོག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཚོགས་ཆེན་གྱི་གྲོས་རིམ་སོ་སོ་ལེགས་འགྲུབ་བྱུང་རྗེས་ཕྱིར་ཟི་ལིང་དུ་ལོག

ཚོགས་འདུའི་སྐབས་སུ། མཚོ་སྔོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྤྲོ་སེམས་ཀྱིས་ཁེངས་པའི་ཆབ་སྲིད་ཀྱི་འདུ་ཤེས་དང་ཚད་མཐོ་བའི་འགན་འཁྲི་དང་དུ་བླངས་ནས་རང་འགན་གཙང་སྒྲུབ་བྱས་ཏེ། འགན་འཁྲི་དང་དུ་བླངས་བའི་རྣམ་པ་བཟང་པོ་མངོན་ཡོད། ཚང་མས་དུས་རབས་གསར་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཇེ་ཟབ་ཏུ་གཏོང་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། བློ་འདོན་ཇུས་འབུལ་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ནས་ཕྱོགས་གཉིས་པོའི་ནུས་པ་འདོན་རྒྱུ་རྒྱུན་འཁྱོངས་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱས་པ་བརྒྱུད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་ལ་ཁ་ཕྱོགས་ནས་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་བཤད། 

“བཀོད་སྒྲིག་བཅུ་ཆ་གཅིག་དང་དོན་འཁྱོལ་བཅུ་ཆ་དགུ ”ཞེས་པ་བཞིན། ཞེས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཝང་ཁུན་གྱིས“རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལེགས་པོ་བྱེད་པ་དང་། དྲིལ་སྒྲོག་ལེགས་པོ་བྱེད་པ། ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་པ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཞིང་བཟོ་ཏང་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་ལྟེ་བར་དམ་པོར་དམིགས་ནས། འཐབ་ཕྱོགས་དང་པོར་སྐྱོད་པ་དང་། རྟོག་ཞིབ་ནན་ཏན་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། དཀའ་སྤྱད་སྙིང་རུས་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་ཧུར་ཐག་སྒོས་རྩོམ་ཆེད་བྱས་རྗེས་གསར་པ་འབུལ་དགོས”ཞེས་བཤད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ལི་ཆིང་གིས“‘སློབ་སྦྱོང’གི་ལས་དོན་སྔོན་ལ་སྤེལ་དགོས་པ་དང་། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཅིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟུང་འབྲེལ་བྱས་ཐོག སློབ་སྦྱོང་ནན་ཏན་དང་སློབ་སྦྱོང་ཡང་ཡང་བྱས་ནས། དོན་གྱི་ཉིང་བཅུད་དང་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས། ‘དྲིལ་སྒྲོག’ཞེས་པའི་ཡིག་འབྲུ་གལ་ཆེན་ལ་དོ་སྣང་ཆེན་བྱས་ཐོག སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་ཐ་སྙད་ཤེས་རྟོགས་བྱེད་པའི་རྨང་གཞིའི་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཚོང་པའི་མཐུན་ཚོགས་དང་། གཞི་རིམ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། དམངས་གཉེར་ཁེ་ལས་བཅས་སུ་སྒྲོག་འགྲེལ་གཏིང་ཟབ་བྱས་ནས། ཏང་གི་སྒྲ་སྙན་དམངས་གཉེར་ཁེ་ལས་ལ་བརྒྱུད་སྤྲོད་བྱ་དགོས་ལ།‘སྒྲུབ’ཞེས་པ་གཙོར་བྱས་ནས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་དམངས་གཉེར་དཔལ་འབྱོར་ཞབས་ཞུ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་གྲངས་གཞི་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་བ་བརྒྱུད། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་དགོས”ཞེས་བཤད། ། །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།