ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུ་དང“ཆེས་མཐོ་གཉིས”ཀྱི་ལས་དོན་སྙན་ཞུར་མུ་མཐུད་དུ་གྲོས་ཞིབ་བྱས།

ཁྲེན་ཀང་གིས་གསུང་བཤད་གནང་བ་དང་། ཝུའུ་ཞའོ་ཅུན་གྲོས་ཞིབ་ལ་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས10ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་འཐུབ་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་པ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་བཅས་ལ་མུ་མཐུད་དུ་གྲོས་ཞིབ་བྱས། ཁྲེན་ཀང་གིས་གསུང་བཤད་གནང་བ་དང་། ཝུའུ་ཞའོ་ཅུན་དང་ལིའུ་ཆི་ཧྥན་གཉིས་གྲོས་ཞིབ་ལ་ཞུགས། ཝང་ལི་མིང་གིས་མགོ་འཛིན་བྱས། ཆེས་མཐོའི་ཁྲིམས་ཁང་དང་ཆེས་མཐོའི་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་བློ་མཐུན་གྲོས་ཞིབ་ལ་ཞུགས་པ་དང་། འཐུས་མིའི་བསམ་འཆར་གྲོས་གཞི་ལ་མཉན།

འཐུས་མི་ཁྲེན་ཀང་གིས། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་སྙན་ཞུ་ཕུལ་བ་དེས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཡོད་པ་དང་། རྩ་ཁྲིམས་ལ་སྲུང་སྐྱོང་བྱེད་པའི་ཆེས་མཐོའི་བཅའ་ཁྲིམས་གོ་གནས་དང་བཅའ་ཁྲིམས་དབང་གྲགས། བཅའ་ཁྲིམས་ནུས་ཕྱོད་བཅས་གོ་གནས་དང་པོར་བཞག་པ། ཁྲིམས་འཛུགས་བཟོ་བཅོས་དང་ལྟ་རྟོག་ཇེ་དྲག་ཏུ་གཏོང་བ་དེ་དམངས་ཆེན་ལས་དོན་ལ་སྐུལ་འདེད་གཏོང་བའི་འཁོར་ལོ་གཉིས་སུ་བརྩིས་པ། འཐུས་མིའི་གཙོ་གཞིའི་གོ་གནས་ལ་བརྩི་བཀུར་དང་འཐུས་མིའི་ནུས་པ་ཕུན་སུམ་ཚོགས་པར་འདོན་པ་དེ་མི་དམངས་རང་བདག་རང་སྐྱོང་མངོན་འགྱུར་བྱེད་པའི་བྱེ་བྲག་གི་མངོན་བྱེད་དུ་བྱས་པ། “ལས་ཁུངས་བཞིའི”ལས་འགན་ངེས་གནས་དེ་རང་སྟེང་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྟོབས་དང་ལྡན་པའི་འཇུག་སྒོར་བྱས་པ། ལམ་ལུགས་དགེ་མཚན་མངོན་པ་དང་འགན་འཁྲི་ཁག་ཁུར་མཚོན་པ། ཁྲིམས་སྐྱོང་སྙིང་སྟོབས་འདུས་པ་བཅས་ཀྱི་སྙན་ཞུ་ལེགས་པོ་ཞིག་ཡིན་པས། མཐའ་གཅིག་ཏུ་མོས་མཐུན་ཡོད། ལོ་གཅིག་གི་རིང་ལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་སྣེ་ཁྲིད་རྒྱུན་འཁྱོངས་བྱས་པ་དང་ཁྲིམས་འཛུགས་སྤུས་ཚད་འབུར་དུ་དོད་པ། ལྟ་རྟོག་ངེས་མཁོ་སྐྱེད་པ། བསྐོ་འཐེན་ཐག་གཅོད་ཚད་ལྡན་དུ་གཏོང་བ། འཐུས་མའི་འགན་སྒྲུབ་འགན་ལེན་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཡར་སྐུལ་གྱི་བྱས་རྗེས་བཞག གོམ་སྟབས་རྗེས་མར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་བཀོད་སྒྲིག་དངོས་འབེབས་ནན་ཏན་བྱས་ནས། མཚོ་སྔོན་གྱི་དམངས་ཆེན་ལས་དོན་གྱི་སྤུས་ཕྱོད་ཕྱོགས་ཡོངས་ནས་མཐོར་འདེགས་རྒྱུ་ཡིན་ཞེས་གསུངས།

འཐུས་མི་ལིའུ་ཀོའུ་ཆང་དང་ཏི་ཆིང་ཡུན། མ་ཧྲི་ཀུང་། ཀོའུ་ཅིང་ཕིང་། ཝང་ཧྭ་ཅེ། པི་ཧྲིན་ལུང་། ཆའོ་ཡ་ཆུན། ཤ་བོ་སྒྲོལ་མ་བཅས་ཀྱིས་གཏམ་བཤད། །

 
རྩོམ་སྒྲིག་པ། : གསང་བདག་རྒྱལ།