ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཞུས་ཆིང་མིན་གྱིས་རང་བྱུང་ཐོན་ཁུངས་ཀྱི་གྲངས་གཞི་བཅོས་སྒྲིག་ལས་དོན་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་བཅོས་སྐྱོང་བྱ་རྒྱུ་ནི་རང་བྱུང་ཐོན་ཁུངས་ཆ་འཕྲིན་ཅན་དུ་འགྱུར་བའི་བྱ་བའི་རྨང་གཞི་ཡིན་ལ། རང་བྱུང་ཐོན་ཁུངས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བར་བརྒྱུད་དགོས་པའི་བགྲོད་ལམ་ཞིག་ཀྱང་ཡིན། མིག་སྔར་རང་བྱུང་ཐོན་ཁུངས་ཀྱི་གྲངས་གཞི་མང་བའི་དབང་གིས་རང་བྱུང་ཐོན་ཁུངས་ཀྱི་གྲངས་གཞི་བསྡུ་སྒྲིལ་དང་གཅིག་གྱུར་དོ་དམ་ལ་ཚོད་འཛིན་བྱས་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཞུས་ཆིང་མིན་གྱིས་གཞི་གྲངས་ཀྱི་རྒྱུ་རྐྱེན་གཙོ་བོའི་རིན་ཐང་མཐོ་རུ་གཏོང་བའི་རྒྱབ་ལྗོངས་འོག་རང་བྱུང་ཐོན་ཁུངས་ཀྱི་གྲངས་གཞི་བཅོས་སྒྲིག་ལས་དོན་ཇེ་ལེགས་སུ་གཏོང་དགོས་པའི་གྲོས་འགོ་བཏོན།

གྲོས་འགོའི་ནང་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རང་བྱུང་ཐོན་ཁུངས་ཀྱི་གྲངས་གཞི་བཅོས་སྒྲིག་གི་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་པ་དང་། གཞི་གྲངས་ཀྱི་ཚད་གཞི་དང་ལག་རྩལ་ཚད་ལྡན་མ་ལག་གཅིག་གྱུར་བཟོ་བ། རྒྱལ་ཁབ་ས་ཁོངས་བར་མཐོང་ཆ་འཕྲིན་དཔེ་དབྱིབས་ཚད་གཞི་ཞིབ་བཟོ་དང་དཔེ་སྟོན་འཛུགས་པ། སྣ་མང་ཅན་གྱི་གྲངས་གཞི་འཚོལ་བསྡུ་དང་བརྗོད་དོན་གཙོ་བོའི་གྲངས་གཞི་ཅན་གྱི་ལས་སྣོན་ནུས་པ་ཆེ་རུ་གཏོང་བ། གཅིག་གྱུར་གྱི་རང་བྱུང་ཐོན་ཁུངས་གྲངས་གཞིའི་ཐོན་ཁུངས་དཀར་ཆག་དང་གྲངས་གཞི་སྤྱི་འདོམས་དོ་དམ་མཉམ་སྤྱོད་ཀྱི་ལམ་ལུགས་འཛུགས་པ་བཅས་བྱས་ཏེ། གྲངས་གཞི་བཅོས་སྒྲིག་ཐད་ཀྱི་ཚད་ལྡན་ཅན་དང་གོ་རིམ་ཅན། ཚད་གཞི་ཅན་བཅས་ཀྱི་རང་བྱུང་ཐོན་ཁུངས་ཀྱི་གཞི་གྲངས་གཙོ་བོའི་རིན་ཐང་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།