ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཅང་ཀྲི་ཀང་དང་རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མ་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་ལ་སྔར་ལས་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཚོགས་དཔལ་འབྱོར་རྒྱུན་ཆད་མེད་པར་ཡར་རྒྱས་འགྲོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལེགས་བསྡུས་ཞིབ་གཉེར་འཕེལ་རྒྱས་དང་བཙོག་ཆུའི་བཟོ་འགོད་འཛུགས་སྐྲུན། གསང་སྤྱོད་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་སོགས་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་འཐུང་ཆུའི་བཟོ་འགོད་ལས་ཆུའི་སྤུས་ཚད་དང་ཆུ་འབོར་གྱི་དགོས་མཁོ་ཉིན་རེའི་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་དང་རིན་ཆེན་བཀྲ་ཤིས། ཤ་བོ་སྒྲོལ་མས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་འགན་སྲུང་ལ་སྔར་ལས་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་འགོ་བཏོན།

གྲོས་འགོའི་ནང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། རང་ཞིང་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་ལས་གཞི་འཛུགས་སྐྲུན་གྱི་མ་དངུལ་དེ་འབྲེལ་ཡོད་ཀྱི་ཆེད་སྤྱོད་མ་དངུལ་གྲས་སུ་འཇོག་པའམ་ཡང་ན་མཐུན་སྦྱོར་བྱས་ཏེ་ཁ་གསབ་མ་དངུལ་འགྲེམ་གཏོང་བྱེད་པ་དང་། གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་སྲུང་བཟོ་འགོད་ཀྱི་འཛུགས་སྐྲུན་ཐད་ཆེད་སྤྱོད་བྱ་དགོས་པ་དང་། ད་ཡོད་ཀྱི་ཐབས་ལམ་ལ་བརྟེན་ནས་རང་ཞིང་གི་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བཟོ་འགོད་ཉམས་གསོའི་བདག་སྐྱོང་མ་དངུལ་ཐད་དེ་ལས་ལྷག་པའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིག་གསོའི་བདག་སྐྱོང་མ་དངུལ་བགོ་བཤའ་བྱེད་སྐབས། རང་ཞིང་གི་དམིགས་བསལ་གནས་ཚུལ་ལ་གཞིགས་ནས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱ་དགོས་པའི་གྲོས་འགོ་བཏོན།  །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།