ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཤ་བོ་སྒྲོལ་མས་ཐུན་རིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་གནའ་མཁར་དང་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་བསྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་མིང་གྲགས་ཅན་གཅིག་པུ་ཡིན་པས། མིག་སྔའི་བར་དུ་བསྡོམས་པས་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་སྲུང་སྐྱོང་གྲོང་ཚོ36ཡོད་པ་དང་། འཛམ་གླིང་རིམ་པའི་མིའི་རིགས་གཟུགས་འདས་རིག་གནས་ཤུལ་བཞག་རྣམ་གྲངས2དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི5། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི13ཡོད”ཅེས་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཤ་བོ་སྒྲོལ་མས་ཕ་ཡུལ་གྱི་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་དང་གྲོང་ཚོའི་སྲུང་སྐྱོང་གནད་དོན་ལ་དོ་ཁུར་བྱས་ནས་དེ་ལྟར་བརྗོད། མོས་ལས་འགན་ཁུར་རིང་རྒྱུན་དུ་སྲོལ་རྒྱུན་གྲོང་ཚོར་བརྟག་དཔྱད་བྱེད་དུ་སོང་།


ཐུན་རིན་གྲོང་ཁྱེར་ཐོ་ཀྱཱ་གྲོང་རྡལ་གྱི་མཁར་ནང་གི་གྲོང་ཚོའི་གནའ་བོའི་ར་སྐོར།

བརྟག་དཔྱད་བརྒྱུད་རིམ་ཁྲོད། ཤ་བོ་སྒྲོལ་མས་རྨང་གཞི་ཞན་པའི་དབང་གིས་གནས་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་དང་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་དོ་དམ་ཕྱོགས་ནས་གནད་དོན་མང་པོ་ཡོད་པ་མཐོང་། དཔེར་ན། ཆེད་དོན་སྒྲུབ་པའི་དོ་དམ་ལས་ཁུངས་མེད་པ་དང་སྲུང་སྐྱོང་དོ་དམ་མ་དངུལ་མི་འདང་པ། སྲུང་སྐྱོང་དོ་དམ་སྐོར་གྱི་ཉམས་མྱོང་མེད་པ་སོགས་ཀྱི་གནད་དོན་ཡོད།

སྔར་ལས་ལྷག་པའི་སྒོ་ནས་ལྟོས་ན། ཐུན་རིན་གྲོང་ཁྱེར་གྱི་ལོ་རྒྱུས་ས་ཆ་མིང་གྲགས་དང་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་ཐད་སྒྲུབ་དགོས་པའི་ལས་དོན་མང་ཤས་ནི་གྲོང་ཁྱེར་རྙིང་པའི་རྣམ་པ་སྲུང་སྐྱོང་དང་ཁང་རྙིང་ཉམས་གསོ་སོགས་ཡིན་པས་མ་དངུལ་དགོས་མཁོ་ཤིན་ཏུ་ཆེ་བ་རེད། གཞན་ཡང་སྲུང་སྐྱོང་དོ་དམ་ཕྱོགས་ནས་བརྗོད་ན། རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས100ཡི་ཁྲོད་དུ་ཐུན་རིན་ཆེད་ལས་སྲུང་སྐྱོང་ལས་ཁུངས་མེད་པའི་ས་ཆའི་གྲས་ཤིག་ཡིན་པའི་དབང་གིས། ཐུན་རིན་ཡང་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་ཁྲོད་ཀྱི་སྲུང་སྐྱོང་དང་རྒྱུད་འཛིན་བེད་སྤྱོད་སོགས་ཀྱི་ཕྱོགས་ནས་གནད་དོན་མང་པོར་ཐུག་ཡོད་པ་རེད།


ཐུན་རིན་གྲོང་ཁྱེར་ཐོ་ཀྱཱ་གྲོང་རྡལ་གྱི་མཁར་ནང་གི་གྲོང་ཚོའི་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམ་སྟོན་ལྟེ་གནས་ཀྱི་ཅ་དངོས་རྙིང་པ།

ད་ལོའི་སྲིད་གཞུང་ལས་དོན་སྙན་ཞུ་ནང་དུ“རིག་དངོས་ལ་བྱེ་བྲག་གིས་སྲུང་སྐྱོང་དང་ཐུགས་མཐུན་ངང་སྤྱོད་པའི”བསམ་འཆར་བཏོན་ཡོད། སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ཐུན་རིན་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཤ་བོ་སྒྲོལ་མས་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་སྲིད་ཇུས་དང་མ་དངུལ་ཕྱོགས་ནས་ཐུན་རིན་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་དང་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་བཏོན། བྱེ་བྲག་གིས་བརྗོད་ན། མཚོ་སྔོན་ས་ཆའི་ནོར་ཤུགས་ཞན་པའི་དོན་དངོས་གནས་ཚུལ་ལ་ཁ་གཏད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མ་དངུལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མཚོ་སྔོན་གྱིས“སུས་མ་དངུལ་བཏང་ན་སུས་ཕན་ཁེ་ལེན་པའི”རྩ་དོན་བརྒྱུད་དེ་སྣ་མང་ཅན་གྱི་དངུལ་བསྲེ་མ་ལག་འཛུགས་པར་དང་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱེད་པ། ཡུན་རིང་ནུས་ལྡན་གྱི་མ་དངུལ་གཏོང་བའི་ལམ་ལུགས་འཛུགས་ཤིང་འཐུས་ཚང་དུ་བཏང་ནས། སྔར་ལས་ལྷག་པའི་ངང་ཐུན་རིན་གནའ་གྲོང་དང་སྲོལ་རྒྱུན་གྲོང་ཚོའི་སྲུང་སྐྱོང་ལ་དངོས་པོའི་རྨང་གཞི་བརྟན་པོ་བཙུགས་ནས། ནུས་ཤུགས་ཡོད་ཚད་ཀྱིས་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་འཕེལ་རྒྱས་སུ་གཏོང་བ་དང་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

གཞན་ཡང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རྨ་ལྷོ་ཁུལ་མངའ་ཁོངས་ཡང་ན་ཐུན་རིན་གྲོང་ཁྱེར་ནས་ཚད་གཞི་དང་མཐུན་པའི་ལོ་རྒྱུས་རིག་གནས་ས་ཆ་མིང་གྲགས་ལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་སྒྲིག་གཞི་བཙུགས་ནས། སྲུང་སྐྱོང་དང་གསར་སྤེལ། འཛུགས་སྐྲུན། བེད་སྤྱོད་གཞི་གཅིག་ཏུ་འདུས་ནས་གནའ་གྲོང་སྲུང་སྐྱོང་ལས་དོན་གྱི་མཉམ་ཤུགས་ཆགས་པའི་རེ་བ་བཏོན།

2018ལོར། ཤ་བོ་སྒྲོལ་མ་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རུ་བདམས་པ་དང2023ལོར་མུ་མཐུད་དུ་འཐུས་མིར་གྱུར། ལས་འགན་ཁུར་བའི་ལོ་འདི་དག་གི་རིང་ལ་ཤ་བོ་སྒྲོལ་མ་ནམ་ཡང་གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་བཅར་འདྲི་བྱས་པ་དང་། དམངས་འཚོ་དང་སྐྱེ་ཁམས། རིག་གནས་ཡུལ་སྐོར་སོགས་ཀྱི་ཕྱོགས་མང་པོར་དམིགས་ནས་ཧུར་གྱིས་གྲོས་འདོན་ཇུས་འབུལ་བྱས།

“ན་ནིང་ངས་ཚོགས་ཆེན་གཉིས་སུ་གྲོས་གཞི6བཏོན་པ་སྤྱི་ཆ་ནས་ལག་བསྟར་གནས་ཚུལ་ཤིན་ཏུ་ལེགས”ཞེས་ཤ་བོ་སྒྲོལ་མས། 《བུད་མེད་ལས་དོན་དབང་ཆ་འགྲན་སྲུང་དང་བུད་མེད་ལས་ཞུགས་ཕོ་མོའི་དབྱེ་བ་ལྟ་ཚུལ་སེལ་བའི་འབྲེལ་ཡོད་བསམ་འཆར》དང《སྲོག་ཆགས་རིགས་ཀྱི་སྤྱི་ཕན་གནོད་བཟོ་གྱོད་དོན་སྤྱི་ཕན་གཏུག་བཤེར་ཁྱབ་ཁོངས་ནང་འཇོག་པའི་བསམ་འཆར》གཉིས་རྒྱལ་ཡོངས་དམངས་ཆེན་གཞུང་ལས་ཐིང་གིས་གཙོ་གནད་བསམ་འཆར་ནང་བཞག་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མཐོང་ཆེན་བྱས་ནས་མོ་གདན་འདྲེན་ཞུས་ནས་འབྲེལ་ཡོད་བསམ་འཆར་སྒྲུབ་པའི་བཞུགས་མོལ་ཚོགས་འདུ་ནང་ཞུགས་པ་དང་། ལས་དོན་སྒྲུབ་པའི་ཐད་དུས་རིམ་རང་བཞིན་གྱི་ཡར་རྒྱས་ཐོབ།

གཞན་ཡང་། ཤ་བོ་སྒྲོལ་མས《རྨ་ལྷོའི་གནམ་གྲུ་ཐང་འཛུགས་སྐྲུན་སྐོར་གྱི་འབྲེལ་ཡོད་བསམ་འཆར》ཡང་རྒྱལ་ཁབ་དམངས་སྤྱོད་མཁའ་འགྲུལ་སྤྱི་ཅུའུ་ཡི་མཐོང་ཆེན་ཐོབ་ནས། མིག་སྔར་རྨ་ལྷོའི་གནམ་ཐང་འཛུགས་སྐྲུན་ལས་དོན་ལས་གཞི་འཛུགས་མགོ་བརྩམས་པའི་སྒང་ཡིན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།