ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་ཡོན་ཀྲའོ་ཧའེ་ཞིན་གྱིས་ནུབ་ཕྱོགས་ས་ཁུལ་དུ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཚན་རྩལ་གསར་གཏོད་ཀྱི་སྟེགས་བུ་བསྐྲུན་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚན་རྩལ་གསར་གཏོད་སྟེགས་བུས་རང་རྒྱལ་གྱི་ཚན་རིག་གསར་གཏོད་མགོ་ཁུངས་ལ་སྐུལ་འདེད་གཏོང་ཐུབ་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པར་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། རང་རྒྱལ་གྱིས་རྒྱལ་ཁབ་ཕྱོགས་བསྡུས་འགྲན་རྩོད་ནུས་པ་ཇེ་ཆེར་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲའོ་ཧའེ་ཞིན་གྱིས་ནུབ་ཕྱོགས་ས་ཁུལ་དུ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཚན་རྩལ་གསར་གཏོད་སྟེགས་བུ་བསྐྲུན་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད་བཤད་རྒྱུར། ཚན་རྩལ་གསར་གཏོད་སྟེགས་བུ་ནི་གསར་གཏོད་རྒྱུ་རྐྱེན་གཅིག་བསྡུས་དང་། གསར་གཏོད་འཇོན་མི་གཅིག་བསྡུས་གསོ་སྐྱོང་དང་ཚན་རྩལ་གསར་གཏོད་སྤེལ་བའི་འདེགས་གཞི་གལ་ཆེན་ཡིན་ལ། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྲིད་ཇུས་དགེ་མཚན་གྲུབ་པར་བྱེད་པ། ཁུལ་ཁོངས་ཀྱི་ཐོག་མའི་གསར་གཏོད་ནུས་པ་ཇེ་ཆེར་གཏོང་བ། ཐོན་ལས་སྒྲིག་གཞིའི་འཐབ་ཇུས་རང་བཞིན་གྱི་ཚུར་སྒྱུར་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། ནུབ་ཕྱོགས་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ན། ཚན་རྩལ་གསར་གཏོད་དང་འཇོན་མི་གསོ་སྐྱོང་སྟེགས་བུ་འཛུགས་བཀོད་དང་། ཚན་རྩལ་གསར་གཏོད་སྟེགས་བུའི་དཔེ་གཞི་བསྐྲུན་པ། ཚན་རྩལ་གསར་གཏོད་སྟེགས་བུའི་རིམ་པ་འཕར་བར་བྱེད་པ། འཁོར་སྐྱོད་རྐྱེན་སྲོལ་དང་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་ལ་རྒྱུན་ཆད་མེད་པར་ཤུགས་བསྣན་ཏེ་གཅིག་བསྡུས་མཁྲེགས་གཏོར་བྱེད་པ་དང་། ཚན་རྩལ་གསར་གཏོད་ཀྱི་ནུས་པ་དང་ཆུ་ཚད་མུ་མཐུད་ཇེ་མཐོར་གཏོང་དགོས་ཟེར།

ཨུ་ཡོན་ཀྲའོ་ཧའེ་ཞིན་གྱིས་ནུབ་ཕྱོགས་ས་ཁུལ་ནས་ཚན་རིག་ཞིབ་འཇུག་གསར་གཏོད་སྟེགས་བུ་བསྐྲུན་པའི་ནུས་ཚད་ཇེ་ཆེར་གཏོང་བ་དང་། ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ་མཉམ་འཛུགས་བྱེད་པར་རྒྱབ་སྐྱོར་བྱེད་དགོས་ཤིང་། ཚན་རིག་ཞིབ་འཇུག་གསར་གཏོད་སྟེགས་བུའི་བཅོས་སྒྱུར་བརྒྱུད་རིམ་ཁྲོད་ཞིང་ཆེན་དང་པུའུ་ཡིས་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ་མཉམ་འཛུགས་བྱེད་པ་སོར་འཇོག་དང་དེའི་རྒྱབ་སྐྱོར་ནུས་ཚད་ཇེ་ཆེར་གཏོང་དགོས་པར་མ་ཟད། ལས་དོན་དེ་ཞིང་ཆེན་སོ་སོས་ཁོངས་གཏོགས་སྲིད་གཞུང་གི་ཚན་རྩལ་གསར་གཏོད་སྟེགས་བུ་འཛུགས་པའི་ལས་འགན་གཙོ་བོར་བརྩི་དགོས། རྒྱབ་ཁབ་འཐབ་ཇུས་གསོག་འཇོག་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་ཚོད་ལྟ་ཁང་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ཚོད་ལྟ་ཁང་གཙོ་བོ་སོགས་རྒྱལ་ཁབ་ཚན་རྩལ་གསར་གཏོད་སྟེགས་བུ་བརྒྱུད་དེ། མི་རིགས་ཀྱི་སྐད་ཡིག་རིག་ནུས་ཆ་འཕྲིན་ཐག་གཅོད་ཁྱབ་ཁོངས་ཀྱི་འཇོན་མི་གསོ་སྐྱོང་དང་། གཞི་གྲངས་ཐོན་ཁུངས་འཛུགས་པ་དང་ལག་རྩལ་གསོག་འཇོག་བྱེད་པར་རྒྱབ་སྐྱོར་བྱེད་པ། གནད་འགག་སྐབས་སུ་སྤྱོད་གོ་ཆོད་པར་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་ཆེར་གཏོང་དགོས་པ་སོགས་ཀྱི་བསམ་ཚུལ་བཏོན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།