ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་མཱ་ཧྲི་ཀོང་གིས་ས་ཡོམ་གནོད་འཚེའི་རྗེས་ཀྱི་ཞིང་པའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་བྱེད་པར་མ་དངུལ་གྱིས་རྒྱབ་སྐྱོར་དང་ལག་རྩལ་གྱིས་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཅི་ཧྲི་ཧྲན་གྱི་ཚད་རིམ་དྲུག་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་གྱིས་རང་ཞིང་གི་གནོད་ཐེབས་ཁུལ་གྱི་ཞིང་པའི་ཁང་པར་གནོད་སྐྱོན་ཐེབས་ནས་བརྡིབས་པར་བྱས་པས། གནོད་འཚེའི་རྗེས་ཀྱི་ཞིང་པའི་ཁང་པ་ཞིག་གསོ་བརྟན་གཏོང་བསྐྱར་སྐྲུན་བྱ་རྒྱུ་ནི་མིག་སྔའི་བྱ་བ་གལ་ཆེན་ཞིག་ཡིན། རང་ཞིང་གི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་མཱ་ཧྲི་ཀོང་གིས་ས་ཡོམ་གནོད་འཚེའི་རྗེས་ཀྱི་ཞིང་པའི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་བྱེད་པར་མ་དངུལ་གྱིས་རྒྱབ་སྐྱོར་དང་ལག་རྩལ་གྱིས་མཛུབ་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ཁྲོད། རང་ཞིང་གི་ཞིང་པའི་སྡོད་ཁང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་དང་རོང་འབྲོག་ཁུལ་གྱི་ཉེན་ཁ་ཆེ་བའི་སྡོད་ཁང་སྒྱུར་བཅོས་ལ་མ་དངུལ་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱིས་ཡོམ་འགོག་གི་ཚད་ལོངས་མེད་པའི་ཞིང་པའི་སྡོད་ཁང་ལ་ཡོམ་འགོག་སྒྱུར་བཅོས་བྱེད་པར་སྣེ་ཁྲིད་དེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་སྲུང་ཡོད་པའི་ཚད་མཐའ་སྲུང་རྒྱུ་དང་། ས་གནས་ཀྱི་སྒྲིག་ཁོངས་བཀོད་སྒྲིག་ཕྱོགས་ནས་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་སྡོད་ཁང་གི་གཞི་རིམ་དོ་དམ་སྡེ་ཁག་དང་ཡུལ་ཚོར་གཟིགས་སྐྱོང་འོས་འཚམ་བྱ་རྒྱུ། རང་ཞིང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བའི་ལག་རྩལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ཆེད་ལས་ལག་རྩལ་གསོ་སྦྱོང་དང་། ཤེས་ལྡན་མི་སྣའི་རུ་ཁག་འཛུགས་སྐྲུན་སོགས་ཀྱི་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ། གནས་འདེམ་འཆར་འགོད་དང་། ལས་གཞི་འཛུགས་སྐྲུན།  སྤུས་ཚད་དོ་དམ། བཟོ་སྐྲུན་ལེགས་འགྲུབ་རྩིས་ལེན་སོགས་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་རིམ་གཙོ་བོར་ལག་རྩལ་གྱི་མཛུབ་སྟོན་དང་རོགས་རམ་འདོན་སྤྲོད་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བྱ་བ་ཁག་ལ་ཕན་འབྲས་ལེན་པར་ཁག་ཐེག་བྱ་རྒྱུའི་གྲོས་གཞི་བཏོན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།