ཀྲུང་གོ་བོད་ཀྱི་དྲ་བ།

འཐུས་མི་ཅང་ཀྲི་ཀང་གིས་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ལ་ཤུགས་བསྣན་ནས་བཟོ་བཀོད་མིན་པའི་བྱེད་ཐབས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནི་མདོ་དབུས་མཐོ་སྒང་གི་བྱང་ཤར་དུ་གནས་པ་དང་། ས་དབྱིབས་དང་ས་བབ་རྙོག་འཛིང་ཆེ་ལ་སྣ་མང་ཕུན་སུམ་ཚོགས་པ་དང་ཁུལ་ཁོངས་ཀྱི་རི་ཁུག་ཆེ་ལ་གྲོག་རོང་ཟབ་པ་དང་། འཕྲེད་དང་གཞུང་གཉིས་གྲོག་རོང་གིས་ཁེངས་ལ། ས་གཤིས་ཆགས་ཚུལ་རྙོག་འཛིང་ཆེ། དམིགས་བསལ་གྱི་ས་དབྱིབས་དང་ས་བབ་ཆགས་ཚུལ་དང་། མདོ་དབུས་མཐོ་སྒང་གི་རླུང་ཁམས་ཆེན་པོའི་བཞུར་རྒྱུན་སོགས་ཀྱི་ཁྱད་ཆོས་ཀྱི་དབང་གིས་ཁྱབ་ཁོངས་ཆུང་བ་དང་གཞི་རྒྱ་ཆུང་བའི་ཐལ་དྲགས་པའི་གནམ་གཤིས་ཡང་ཡང་འབྱུང་བཞིན་ཡོད། རང་ཞིང་གི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཅང་ཀྲི་ཀང་གིས་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ལ་ཤུགས་བསྣན་ནས་བཟོ་བཀོད་མིན་པའི་བྱེད་ཐབས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་རྒྱུའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆུ་ལོག་གི་གནོད་འཚེ་འགོག་བཅོས་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆུ་ལོག་གི་གནོད་འཚེ་འགོག་བཅོས་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབ་རྒྱུ་ཐག་བཅད་པ་དང་།2023ལོ་ནས2025ལོའི་བར་གྱི་མཚོ་སྔོན་ཞིང་ཆེན་གྱི་ཆུ་ཤུར་བཅོས་སྐྱོང་གི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞི་བཟོས་ནས་པར་འགྲེམས་བྱས་པ་དང་། དེའི་ནང་ཆུ་ལོག་གི་གནོད་འཚེའི་བཟོ་བཀོད་མིན་པའི་བྱེད་ཐབས་ཀྱི་སྔོན་རྩིས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་གཉིས་ལྷག་ཟིན་ལ། གཙོ་བོར་ཆུ་ལོག་གི་གནོད་འཚེར་བརྟག་དཔྱད་དང་གདེང་འཇོག། མཇུག་འབྲས་ཞིབ་བཤེར་དང་བསྐྱར་ཞིབ་ཀྱི་བྱ་བ་སྤེལ་རྒྱུ་ཡིན་པ་དང་། ཆར་ཆུའི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་ནུས་ཇེ་ཆེར་གཏོང་བ་དང་། ཆུ་ལོག་གི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་མ་ལག་གི་སྔོན་འགོག་བཞིའི་ནུས་པ་འཐུས་ཚང་དུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་ཚད་ལེན་དང་འགོག་སྲུང་བྱེད་ནུས་ཇེ་ཆེར་གཏོང་བ་སོགས་བྱ་རྩིས་ཡོད། རྫོང་དང་ཆུས་བཞི་བཅུ་ཡི་ཆུ་ལོག་གནོད་འཚེའི་བརྟག་དཔྱད་དང་གདེང་འཇོག མཇུག་འབྲས་ཞིབ་བཤེར་ལག་བསྟར་བྱས་ནས་རྩིས་གཞི་དང་རྩིས་རྒྱག་ཐབས་། རྩིས་རྒྱག་ནུས་པ་བཅས་ཇེ་ཆེར་གཏོང་བ་དང་། ད་ཡོད་ཀྱི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་སྟེགས་ལ་བརྟེན་ནས་སྔོན་བརྡ་གཏོང་བ་དང་། སྔོན་ནས་ཉེན་བརྡ་གཏོང་བ་། སྔོན་ལ་འཁྲབ་སྦྱོང་བྱེད་པ་། སྔོན་ཇུས་འགོད་པ་སོགས་སྔོན་འགོག་བཞིའི་ནུས་པ་འཐུས་ཚང་དུ་བཏང་སྟེ་ཡུལ་ཚོ་དང་གྲོང་རྡལ་གཙོ་གནད་དུ་བྱས་པའི་གཞི་རིམ་མང་ཚོགས་ཀྱི་ཚད་ལེན་དང་སྔོན་འགོག་མ་ལག་ཚད་ལྡན་ཅན་དུ་གཏོང་དགོས། ཀྲུང་དབྱང་གི་འཛུགས་སྐྲུན་མ་དངུལ་རེ་ཞུ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི2023ལོ་ནས2025ལོའི་བར་གྱི་ཆུ་ཤུར་བཅོས་སྐྱོང་གི་ལོ་གསུམ་གྱི་བཅོས་སྐྱོང་ཇུས་གཞིའི་བཟོ་བཀོད་མིན་པའི་བྱེད་ཐབས་ཀྱི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱ་དགོས་ཞེས་བསྟན་ཡོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།