ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུར་གྲོས་སྡུར་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས8ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཚོ་སོ་སོར་རང་སོ་སོའི་ལས་རིགས་ཚན་ཆུང་གི་གྲོས་ཚོགས་ལ་ཞུགས་ཏེ། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་གྲོས་སྡུར་ནན་མོ་བྱས།

ཨུ་ཡོན་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་སྐབས་བཤད་རྒྱུར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། གོ་རིམ་ལྡན་པའི་ངང་ན་ནིང་གི་བྱ་བར་སྤྱི་སྡོམ་བྱས་ཤིང་། ཚན་རིག་དང་མཐུན་པའི་སྒོ་ནས་ད་ལོའི་ལས་འགན་གཙོ་བོར་འཆར་འགོད་བྱས་ལ། དེ་ནི་རྩ་ཁྲིམས་བཅའ་ཁྲིམས་བརྩི་སྲུང་དང་ཁྲིམས་ལྟར་འགན་སྒྲུབ་བྱེད་པའི་སྙན་ཞུ་བཟང་བོ་ཞིག་ཡིན་པ་དང་། ང་ཡོངས་སུ་འཐད་པ་ཡིན། འདས་པའི་ལོ་གཅིག་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གཉིས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་པ་སྤྱིའི་སྣེ་ཁྲིད་དུ་བྱས་ལ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་རེ་བ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། དཀྱིལ་སྙིང་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ལངས་གནས་སྔར་ལས་མཐོ་བ་དང་ཁ་ཕྱོགས་སྔར་ལས་གསལ་ལ། བྱེད་ཐབས་སྔར་ལས་བཟང་བ་དང་། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་འགན་འཁྲི་ཁག་ཁུར་དྲག་པོ་མངོན་ཡོད། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་འཇགས། མི་དམངས་ཀྱི་ཞོད་འཇགས་བཅས་ལ་སྲུང་སྐྱོབ་བྱེད་ཆེད་ཆེས་ཤུགས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས་ཡོད། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་སྟོབས་ཤུགས་བཀོལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ལ། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གཙོར་བཟུང་ནས། སེམས་ཤུགས་ཡོད་ཚད་དང་བཅའ་ཁྲིམས་སྤྱད་དེ་དམངས་ཚིས་བདེ་སྐྱིད་ལ་འགན་སྲུང་བྱས་ཡོད། ང་ཚོས་སྲིད་གྲོས་ཨུ་ཡོན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ལ་སློབ་སྦྱོང་ནན་མོ་བྱེད་པར་རྩ་འཛུགས་དང་སྣེ་ཁྲིད་བྱེད་པ་དང་། ས་གནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་བྱ་བར་རྒྱབ་སྐྱོར་བྱས་ནས། ཁྲིམས་སྐྱོང་ཀྲུང་གོ་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་འབད་འཐབ་བྱེད་རྒྱུ་ཡིན་ཟེར།

ཨུ་ཡོན་ཚོས་བལྟས་ན། ལོ་གཅིག་གི་རིང་ལ། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་རྒྱུས་ལོན་གསལ་བོ་དང་ལག་བསྟར་ཟབ་མོ་བྱས་པ་དང་། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ལག་བསྟར་བྱས་ལ། ཆབ་སྲིད་ཀྱི་བློ་རྩ་ཇེ་བརྟན་དུ་བཏང་བ་དང་བདེ་འཇགས་བརྟན་འཇགས་ལ་སྲུང་སྐྱོབ་བྱས་ཤིང་། འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་པ་དང་། དམངས་ཚིས་ཁེ་དབང་ལ་འགན་སྲུང་བྱས་ཤིང་། ཁྲིམས་འཛིན་དྲང་གཞག་བྱས་ཏེ། རང་སྟེང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བ་དང་འགན་སྲུང་བྱས་པ་དང་། ཁྲིམས་འཛིན་ཞིབ་གཅོད་ལས་ཁུངས་དང་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དང་འགན་འཁྲི་ཁག་ཁུར་མངོན་པར་བྱས། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་སྙན་ཞུ་ལ་སྟོབས་ཤུགས་དང་དྲོད་ཁོལ་ལྡན་པས། ཡོངས་སུ་འཐད་པ་ཡིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་བདག་པོའི་འདུ་ཤེས་ཇེ་བརྟན་དུ་བཏང་བ་དང་། མང་ཚོགས་ཉེ་འགྲམ་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཤིང་། སེམས་རྣལ་ལ་ཕབ་ནས་མང་ཚོགས་ཉེ་འགྲམ་གྱི་གྱོད་གཞི་བསྒྲུབས་པ་དང་། དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པའི་བྱ་བའི་བྱེད་ཐབས་བཟང་བོར་སྤྱད་དེ། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་རེ་རེའི་ཁྲོད་འདྲ་མཉམ་དྲང་བདེན་མྱོང་ཐུབ་པར་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་མཐོར་བཏང་ཡོད་པར་འདོད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།