ཀྲུང་གོ་བོད་ཀྱི་དྲ་བ།

པད་མ་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་མུ་མཐུད་དུ་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2023ལོ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་གཙོ་གནད་ལས་འགན་སོ་སོ་གཏིང་ཟབ་མོས་ལག་བསྟར་དོན་འཁྱོལ་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ཐད་མུ་མཐུད་དུ་སྲ་བརྟན་དུ་བཏང་བས་རྫོང་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལས་དོན་ལ་ཐོལ་བརྒལ་གསར་པ་བྱུང་།

ལྟ་སྐུལ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་སློབ་མ32གདན་ཞུ་བྱས་ནས་སྡེ་བའི་ཀྲི་པུའི་ཧྲུའུ་ཅིའི་ལག་རོགས་བྱས་པ་དང་། ཆེད་བསྐོས་ཏང་འཛུགས་སྐྲུན་གྱི་མཛུབ་ཁྲིད་པ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་སྡེ་བའི(སྡེ་ཁུལ)དང“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་འགན་འཁྲི་དང་ལེན་བྱེད་པའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་། རྫོང་ཏང་ཨུའི་རྩ་འཛུགས་པུའུ་ཡི་མགོ་ཁྲིད་གཙོ་བོ་དང་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་དུས་བཅད་ལྟར་ལྟ་སྐུལ་སློབ་སྟོན་དང་བརྟག་དཔྱད་ཞིབ་འཇུག་སྤེལ་ཏེ། སྔར་ལས་ལྷག་པར་ཏང་ནང་གི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་བཏང་ཞིང་། རྫོང་ཡོངས་ཀྱི་སྐོར་སྐྱོད་ཏང་ཡོན་འཚོ་བའི་ནང་ཞུགས་ཚུལ་ལ་མཐིལ་རྟོགས་གྲལ་བཤེར་ཞིབ་ཕྲ་བྱས་ནས། སྐོར་སྐྱོད་ཏང་ཡོན5ས་གནས་དེ་གའི་འི་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུའུ་ནང་གྲས་སུ་བཀོད་སྒྲིག་བྱས་ནས་གཅིག་གྱུར་ངང་སློབ་སྦྱོང་བྱས།

ལས་བྱེད་པའི་སྟོབས་ཤུགས་ལེགས་འདེམས་བྱས་ཏེ། སྡེ་བའི་ལས་བྱེད་པར་དོ་དམ་བྱེད་ཐབས་དང་། 《སྡེ་བའི(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་གྱི་བརྡ་ཐོ》སོགས་ཡིག་ཆའི་བྱེད་ཐབས་འགྲེམ་སྤེལ་བྱས་ཏེ་སྡེ་བའི(སྡེ་ཁུལ)ལས་བྱེད་པའི་བྱ་བའི་ནུས་པ་དང་བྱ་ཐབས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་སྟེ། བདམས་གསེས་སྐོང་འཐེན་བྱས་པའི་སློབ་མ31སྡེ་བ་རུ་ལས་འགན་འཁུར་བར་མངགས་པ་དང་། གཙོ་གནད་སྡེ་བ16ལ་བཅའ་སྡོད་ལས་བྱེད་པ48ལེགས་འདེམས་བྱས།

དགེ་མཚན་ལྡན་པའི་སློབ་གསོའི་ཐོན་ཁུངས་གཅིག་སྡུད་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་གསོ་སྦྱོང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། རིགས་མི་གཅིག་པའི་སྡེ་བའི་ལས་བྱེད་པ་དང་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོའི་ལས་དོན་རུ་མི་སོགས་གསོ་སྦྱོང་ཐེངས7ལ་སྤེལ་བ་དང་མི་ཐེངས357ཟིན། པད་མ་རྫོང་གི་དམར་དམག་ལུང་ཤུར་དང་མཚོ་སྔོན་ཞིང་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་དང་སློབ་གསོའི་རིག་གནས་ལོ་རྒྱུས་ཁང་སོགས་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པར་བརྟེན་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་གསར་བརྗེའི་སློབ་གསོའི་བྱེད་སྒོ་སྤེལ་བར་སྐུལ་འདེད་བྱས། 

གཞི་རིམ་གྱི་ཞབས་ཞུའི་ལས་གནས་དང་པོར་བསྐྱོད་དགོས་པ་དང་། རྫོང་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྡེ་བར(སྡེ་ཁུལ)འབྲེལ་གཏུག་གཏིང་ཟབ་བྱས་ཏེ། ཡུལ་དངོས་སུ་རོགས་སྐྱོབ་ས་ཁུལ་ཞིབ་འཇུག་དང་མཐུན་སྦྱོར་དབྱེ་ཞིབ་བྱས། མིག་སྔའི་བར་རིམ་པ་ས་ོསོའི་ཏང་རྩ་འཛུགས་ཀྱིས་ཀྲི་པུའུ་མཉམ་སྐྲུན་བྱེད་སྒོ་ཐེངས150ལྷག་སྤེལ་བ་དང་། མགོ་ཁྲིད་ལས་བྱེད་པས་ཤང་གྲོང་དང་སྡེ་བ། སྡེ་ཁུལ་དུ་བསྐྱོད་དེ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་ཐེངས360ལྷག་བྱས་པ། མང་ཚོགས་ལ་དོན་དངོས320ལྷག་བསྒྲུབས་པ། དཀའ་ངལ་ཡོད་པའི་ཏང་ཡོན1000ལྷག་དང་མང་ཚོགས3100ལྷག་ལ་འཚམས་འདྲི་བཅས་བྱས་པ་རེད། །  

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།