ཀྲུང་གོ་བོད་ཀྱི་དྲ་བ།

རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བས་ཏང་འཛུགས་ཟོང་རྟགས་གསར་སྐྲུན་གྱིས་སྡེ་སྟོབས་དམངས་ཕྱུག་མངོན་འགྱུར་བྱུང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2024-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བས་ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་དང་། ཐོན་ལས་འཕེལ་རྒྱས་ལ་དམིགས་ནས། ཐོན་ཁུངས་གཅིག་སྒྲིལ་དང་མཁར་ཤང་འཛུགས་སྐྲུན་ཐད་ཀྱི“ས་ཞིང་འཕྲི་སྣོན་དང་སྦྲེལ”བའི་ལས་གཞི་གཙོ་གནད་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས། གནས་ཚད་མཐོ་བ་དང་སྔོན་ལ་འགུལ་བསྐྱོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཐང་ཆུ་སྡེ་བ་དེ་གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བར་གསར་སྐྲུན་བྱས། 

གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་ནུས་ཤུགས་དང་། ཏང་ཡོན་སྔོན་བསྐྱོད་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ་དང་། ཐང་ཆུ་སྡེ་བས“ས་ཞིང་འཕྲི་སྣོན་དང་སྦྲེལ”བའི་ལས་གཞི་ལག་བསྟར་གོ་སྐབས་བེད་སྤྱད་དེ། “དཀྱིལ་སྙིང་གཅིག་དང་རུ་ཁག་ལྔའི་དར་སྤེལ་སྐུལ་འདེད”ཀྱི་བྱ་བ་གཏིང་ཟབ་སྒོས་སྤེལ་ཏེ། “གཙོད་གྲོང་གི་ལྔ་མཛེས་ཐང་ཆུ”ཏང་འཛུགས་ཟོང་རྟགས་གསར་སྐྲུན་བྱས། གྲོང་གསེབ་དར་སྤེལ་འཛུགས་སྐྲུན་ལས་གཞི་འཆར་འགོད་དང་། གསོ་སྤེལ་འཛུགས་སྐྲུན། ཡུལ་སྐོར། ཐོག་ཁང་སོགས་རྟེན་གཞིར་བརྟེན་ནས། “སྡེ་བའི་ཏང་ཀྲི་པུའུ་དང་། ཁེ་ལས། ཚོང་བའི”དཔལ་འབྱོར་རྣམ་པས། གསོ་སྤེལ་སྤྱིལ་ཁང་དང་། ཚོང་ལས་སྡོད་ཁང་སོགས་སྒྲིག་གཞི་དེ་ཡུལ་སྐོར་ཀུང་སིར་གླ་བའམ་སྡེ་མིས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱེད་པའི་དུས་མཚུངས་སུ། སྡེ་དམངས་ཀྱི་ཡོང་སྒོ་འཕར་བར་སྣེ་ཁྲིད་བྱས། རང་འགུལ་ངང་ཞིང་བའི་ཆེད་ལས་མཉམ་ལས་ཁང་དང་། ཞིང་བའི་སྤྲོ་ཁྱིམ་ཁང་སོགས་རྣམ་པ་གསར་བའི་ཞིང་ལས་ཚོང་གཉེར་གཙོ་གཞི་གསོ་སྐྱོང་བྱས། 2023ལོར། ཐང་ཆུ་སྡེ་བས་སྨན་ཁང་གི་ཡོང་སྒོ་བགོ་བཤའ་དང་། རྨོ་ཞིང་གླ་བའི་གླ་དངུལ། ནོར་གསོ་སྤེལ་སོགས་ཀྱི་ཐོན་ལས་ལས་གཞིར་བརྟེན་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་སྒོར་ཁྲི63སླེབས་པ་དང་། སྡེ་བ་ཧྲིལ་བོའི་རོང་འབྲོག་དམངས་ཀྱི་ཡོང་སྒོ་སྒོར24000ལ་སླེབས། 

རོགས་སྐྱོར་མ་དངུལ་ལ་བརྟེན་ནས། སྤྱིའི་མ་དངུལ་སྒོར་ཁྲི4370བཏང་ནས། ཐང་ཆུ་སྡེ་བའི་བདེ་འགོད་གཞིས་ཁུལ་དང་། ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས། རིག་གནས་ཐང་ཆེན་འཛུགས་སྐྲུན་བྱས། དངུལ་གཏོང་སྒོར་ཁྲི936བཏང་ནས། ཐང་ཆུ་སྡེ་བའི་ཡུལ་སྐོར་ཁམས་གསེང་བཟོ་སྐྲུན་ལག་བསྟར་བྱས། གསར་དུ་སློག་པའི་ས་ཞིང་སྤྱི་ཆིང42.12བྱས་པ་དང་། དངུལ་གཏོང་སྒོར་ཁྲི550བཏང་ཞིང་། ཞིང་ལས་འཕྲུལ་ཆས་མཛོད་ཁང3འཛུགས་སྐྲུན་བྱས། 

ཐང་ཆུ་སྡེ་བས་མུ་མཐུད་ནས་མཉམ་སྐྲུན་མཉམ་བཅོས། མཉམ་སྤྱོད་ཀྱི་ཏང་འཛུགས་མཉམ་ལས་ཀྱི་ལས་སྒྲུབ་རྣམ་པ་འཚོལ་ཞིབ་བྱས་ཏེ། ལས་གཞི་འཛུགས་སྐྲུན་འཕེལ་རྒྱས་ཐོན་ལས་དམ་འཛིན་བྱས་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་འཕར་བ་དང་། མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བཅས་མཐོར་འདེགས་སུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱི་མཛེས་སྡུག་གི་ཁྱིམ་གཞིས་འཛུགས་སྐྲུན་གྱི་སྒུལ་ཤུགས་སྐུལ་སྤེལ་བཏང་ནས། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།