ཀྲུང་གོ་བོད་ཀྱི་དྲ་བ།

​ཞོན་ཧྭ་རྫོང་གིས“མཉམ་སྡེབ་དྲག་རྩལ”ལ་བརྟེན་ནས་ལས་བྱེད་པས་འགན་འཁྲི་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལས་བྱེད་པར་འགན་འཁྲི་སྒྲུབ་ཕོད་པ་དང་། འགན་འཁྲི་འཁུར་ཕོད་པ། ལས་དོན་སྒྲུབ་མཁས་པ་བཅས་ལ་སྐུལ་འདེད་བྱ་ཆེད། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ས་ལར་རང་སྐྱོང་རྫོང་གིས་ཆབ་སྲིད་ཀྱི་སྐུལ་འདེད་བྱེད་པ་དང་། སློབ་གསོ་གསོ་སྦྱོང་ལ་ཤུགས་བསྣན་པ། ཐུགས་ཁུར་བྱེད་པ། ལག་ལེན་ནང་སྦྱོང་བརྡར་ལ་དོ་སྣང་བྱེད་པ་བཅས་བྱས་ཏེ་དྲང་ཕྱོགས་ནས་སྐུལ་འདེད་གཏོང་བའི“མཉམ་སྡེབ་དྲག་རྩལ”ལ་བརྟེན་ནས་འཐབ་ཕྱོགས་དང་པོའི་ལས་བྱེད་པར་སྙིང་སྟོབས་ཆེར་སྐྱེད་དང་འགན་འཁྲི་འཁུར་ཕོད་པར་སྐུལ་འདེད་བཏང་། 

ཆབ་སྲིད་ཀྱི་སྐུལ་སློང་ལ་དམིགས་ཏེ་བྱ་བ་སྒྲུབ་པར་སྒུལ་ཤུགས་ཇེ་ཆེར་གཏོང་བ་དང་། སྒྱུར་བཅོས་འཕེལ་རྒྱས་དང་ཉེན་ཁ་ཚབས་ཆེན། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འཐབ་ཕྱོགས་དང་པོ་རུ་ལས་བྱེད་པ་ཤེས་རྟོགས་བྱེད་པ་དང་། ལས་བྱེད་པ་གསལ་འབྱེད་བྱེད་པ། ལས་བྱེད་པ་འདེམས་སྤྱོད་བྱེད་པ་བཅས་ཀྱི་མི་སྤྱོད་སྟོན་ཕྱོགས་བརྟན་པོ་འཛུགས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཕྱོགས་དང་པོར་འགན་འཁྲི་འཁུར་ཕོད་པ་དང་། གྲུབ་འབྲས་མངོན་གསལ་ཐོབ་པའི་ཕུལ་བྱུང་ལས་བྱེད་པ། གོ་གནས་ཀྱི་འགན་རིམ་སྤོར་བ། ཆེད་ལས་ལག་རྩལ་གྱི་གོ་མིང་དཔྱད་བསྡུར་དང་གདན་ཞུ་བྱེད་པ། ལོ་འཁོར་གྱི་སྔོན་ཐོན་དཔྱད་འདེམས་དང་ཕུལ་བྱུང་འདེམས་པ་སོགས་ཀྱི་ཐད་གཙོ་གནད་དུ་གཟིགས་སྐྱོང་བྱས་ནས་ལས་བྱེད་པའི་བྱ་བ་སྒྲུབ་པ་དང་ལས་གཏོད་ཀྱི་སྒུལ་ཤུགས་འཕེལ་བར་སྐུལ་འདེད་བྱས།

སློབ་གསོ་དང་གསོ་སྦྱོང་ལ་ཤུགས་བསྣན་ནས་བྱ་བའི་བྱེད་ནུས་ཆེ་རུ་གཏོང་བ་དང་། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་འཆར་གཞི་གཏན་འབེབས་དང་། ཏང་གི་སློབ་གྲྭའི་ཐབས་ལམ་གཙོ་བོ་དང་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་བཅས“སློབ་སྦྱོང་དང་དྲ་རྒྱའི་གདམ་ག་དང་སྦྱོང་བརྡར། གསོ་སྦྱོང་ཆེད་ལས་ཟུང་འབྲེལ། ལྟ་སྐོར་དང་སློབ་སྦྱོང་ཟུང་འབྲེལ། སྤེལ་རེས་དང་ཞིབ་འཇུག་སློབ་སྦྱོང་ཟུང་འབྲེལ། ”སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ལས་བྱེད་པར་ཤེས་བྱའི་ཞན་ཆ་དང་། འཇོན་ནུས་ཞན་པ། ཉམས་མྱོང་དང་རྨོངས་ཁུལ་བཅས་གསབ་རོགས་བྱས།

བྱ་བ་ཀུན་ལ་ཐུགས་ཁུར་བྱས་ནས་བྱ་བའི་ནུས་ཤུགས་ཆེ་རུ་གཏོང་བ་དང་།  སྙིང་གཏམ་བརྗེ་རེས་དང་གླེང་མོལ་བྱེད་རེས་ཀྱི་ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ།“དུས་བཀག་ལྟར་གླེང་མོལ་བྱེད་པ”དང“དུས་ཐོག་ཏུ་གྲོས་མོལ་བྱེད་པ”བཅས་ཟུང་འབྲེལ་བྱས་ཏེ་སྙིང་གཏམ་བརྗེ་རེས་དང་གླེང་མོལ་བྱེད་པ་དེ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱས་ནས། ལས་བཟོ་བར་ལུས་གསོ་དང་དཀའ་ངལ་ཡོད་པའི་ལས་བྱེད་ལས་བཟོར་འཚམས་འདྲི་དང་འཚམས་འདྲི་བྱེད་པ་སོགས་ཀྱི་ལས་ཀའི་ལམ་ལུགས་མུ་མཐུད་དུ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་ནུས་ཤུགས་ཡོད་རྒུ་བཏོན་ནས་འཐབ་ས་དང་པོའི་ལས་བྱེད་པའི་ལས་དོན་ཡག་པོ་སྒྲུབ་པ་རེད། 

ལག་ལེན་ནང་སྦྱོང་བརྡར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་བྱ་བའི་གསོན་ཤུགས་འཕེལ་བར་བྱེད་དགོས་པ་དང་། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ནུས་པ་མཐོར་གཏོང་བཟོ་འགོད་ལག་བསྟར་བྱས་ནས། སྔ་གཞུག་ཏུ་ལས་བྱེད་པ29ཅང་སུའུ་ཝུའུ་ཤིས་སུ་གནས་སྦྱར་སྦྱོང་བརྡར་བྱེད་པར་བཏང་བ་དང་། བདམས་གསེས་སྐོང་འཐེན་བྱས་པའི་སློབ་མ14སྡེ་བའི་ལས་གནས་འཁུར་བར་མངགས་པ། རྫོང་རིམ་པའི་རེས་སྐོར་གསར་པའི་སྡེ་བའི་བཅའ་སྡོད་ལས་དོན་རུ་མི201རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ67གྱི་སྡེ་བ་རུ་བཅའ་སྡོད་རོགས་སྐྱོར་དང་འབྲེལ་གཏུག་བྱས་ནས། ལས་བྱེད་པ་གྲོང་གསེབ་དར་སྤེལ་གཏོང་བའི་གཡུལ་ས་གཙོ་བོ་རུ་བྱང་ཚད་མཐོ་རུ་གཏོང་བ་དང་ནུས་པ་ཆེ་རུ་བཏང་པ་རེད།   ། 

 
རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།