ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་འཕྲིན་བཅར་ཞུ་གཏུག་གནད་དོན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཟི་ལིང་གྲོང་ཁྱེར་གྱིས་ལྟ་སྐུལ་ཞིབ་བཤེར་དང་། ལས་སྒྲུབ་གསལ་འདེབས། གླེང་མོལ་གནད་འདྲི་དང་། ལས་སྒྲུབ་སྒྲིག་སྲོལ་མངོན་པ་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་ཞིབ་བཤེར་གནད་དོན་ལ་སྐུལ་འདེད་དང་། མགྱོགས་མྱུར་ངང་བཟོ་བཅོས་དང་། གཟབ་ནན་སྒོས་བཟོ་བཅོས། དངོས་བཅོས་བཅས་ལ་སྐུལ་འདེད་བཏང་། ཟླ12པའི་ཚེས15ཉིན་བར། ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་ཟི་ལིང་གྲོང་ཁྱེར་དུ་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་ཁྱོན་སྐོར་ཐེངས23གྱི་ལས་དོན515ཡར་སྤྲད་པ་དང་། གྱོད་དོན464ཐག་གཅོད་བྱས་པ་དང་། གྱོད་དོན་ཐག་གཅོད་བྱེད་ཚད90.1%ལ་སླེབས།
ལྟ་སྐུལ་ཞིབ་བཤེར་སྒྲིག་སྲོལ་གྱིས་བཅོས་སྐྱོང་ལ་རོགས་འདེགས་བྱས། “གཞི་རིམ་དུ་བསྐྱོད་པ་བཞི”ཡི་ལས་སྒྲུབ་སྒྲིག་སྲོལ་དོན་འཁྱོལ་དང་། རིམ་པ་སོ་སོའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་སྒྲིག་སྲོལ་ལག་བསྟར་བྱས་ཏེ། རིམ་བགོས་གཞི་རིམ་དུ་ལྟ་སྐུལ་མཛུབ་སྟོན་བརྒྱུད་དེ། ཁུངས་སྣེ་མྱུར་སྒྲུབ་དང་། གཙོ་གནད་གྱོད་དོན་གཟབ་ནན་སྒོས་རྩད་གཅོད། གནས་པའི་གནད་དོན་དངོས་སུ་བཅོས་སྐྱོང་བྱེད་པ། རྗེས་མཐུད་བྱ་བ་དམ་འཛིན་བྱས་ནས། བྱེ་བྲག་གི་སྐྱེ་ཁམས་ཁོར་ཡུག་གནད་དོན་ཐག་གཅོད་བྱས་ཏེ་སྤྱི་ཚོགས་ཀྱི་སེམས་ཁུར་བྱེད་པའི་གནད་དོན་ཐག་བཅད། དུས་མཚུངས་སུ། ལས་འགན་གནད་དོན་གྱི་རྩིས་ཐོ་གསུམ་སྒྲིག་འཛུགས་དང་། ཡུལ་དངོས་རྟོག་ཞིབ་ལྟ་སྐུལ་ལས་སྒྲུབ། ཆེད་དོན་གྲོས་ཚོགས་བསྡུས་པ་སོགས་ཀྱི་རྣམ་པས། ལྟ་སྐུལ་བྱེད་ཞོར་དུ་བཅོས་སྐྱོང་བྱེད་པའི་བྱ་བར་སྐུལ་འདེད་བཏང་།
ལས་སྒྲུབ་གསལ་འདེབས་རོགས་འདེགས་མགྱོགས་མྱུར་ངང་ལེགས་བཅོས་བྱས། “གནད་དོན་གཅིག་དང་བྱེད་ཐབས་གཅིག མགོ་ཁྲིད་གཅིག མཐའ་འཁྱོལ་བར་བྱེད”པའི་ལས་འགན་མ་ལག་འཛུགས་སྐྲུན་བྱས་ཏེ། “ལས་སྒྲུབ་དུས་ཡུན”དང“ལས་སྒྲུབ་སྤུས་ཚད”ལ་དམིགས་ཏེ། ཁོངས་གཏོགས་ས་གནས་དང་། ལྟ་སྐུལ་དོ་དམ་ལས་རིགས་སྡེ་ཁག ཁེ་ལས་སོགས་ལས་འགན་གཙོ་བོར“ལས་སྒྲུབ་གསལ་འདེབས”བསྐུར་བ་དང་། རིགས་དབྱེའི་མཛུབ་སྟོན་ལ་ཤུགས་སྣོན་དང་། གནད་ཁེལ་སྲིད་ཇུས་ལག་བསྟར། སྐུལ་འདེད་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ལྟ་སྐུལ་མཛུབ་སྟོན་སོགས་ཐད་ཀྱི་བྱ་བའི་བླང་བྱ་ཤུགས་དྲག་ཏུ་བཏང་ནས། ལྟ་སྐུལ་ལས་འགན་བཅོས་སྐྱོང་དང་། གསལ་འདེབས་བཅོས་སྐྱོང་ལ་སྐུལ་འདེད། གསལ་འདེབས་ཀྱིས་འགན་འཁྲིར་སྐུལ་བ་བཅས་བྱས་ཏེ། བཅོས་སྐྱོང་བྱ་བ་གནད་ཁེལ་ངང་ཤུགས་རྒྱག་པར་རོགས་འདེགས་བྱས་ནས། ཁྱོན་ཡོངས་ནས་བཅོས་སྐྱོང་ལས་འགན་ལེགས་འགྲུབ་བྱས།
གླེང་མོལ་གནད་འདྲིའི་སྒྲིག་སྲོལ་གྱིས་གཟབ་ནན་བཅོས་སྐྱོང་ལ་རོགས་འདེགས་བྱས། འཕྲིན་བཅར་གནད་དོན་བཅོས་སྐྱོང་ལྟ་སྐུལ་སྒྲིག་ཁྲིམས་ལག་བསྟར་གནད་འདྲི་ཤུགས་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་གནད་འདྲིའི་ཚན་ཆུང་གིས་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་མང་ཚོགས་འཕྲིན་བཅར་ཞུ་གཏུག་གནད་དོན་ལས་སྒྲུབ་གནས་ཚུལ་གྱི་ལྟ་སྐུལ་མཛུབ་སྟོན་གནད་འདྲིའི་བྱ་བར་འགན་ཁུར་བ་དང་། གནས་པའི་གནད་དོན་སྣང་མེད་དུ་འཇོག་པ་དང་། བྱེད་སྟངས་མི་ལེགས་པ། བྱེད་སྟངས་དལ་བ། བྱེད་སྟངས་གང་འདོད་ཀྱི་ལས་ཁུངས་དང་མི་སྒེར་ལ། གནད་འདྲི་གཟབ་ནན་བྱེད་པ་དང་། རྒྱུ་ཆ་དང་འཕྲིན་བཅར་ཞུ་གཏུག་ལས་སྒྲུབ་ཀྱི་གོ་རིམ་ཁྲོད་བྱུང་བའི་གནད་དོན་སོགས་ལ། དེ་མ་ཐག་གནད་འདྲིའི་གོ་རིམ་མགོ་རྩོམ་པ་དང་། འཕྲིན་བཅར་ཞུ་གཏུག་དུས་ཡུན་རིང་བའི་ལས་སྒྲུབ་ཁྲོད་སྒྲུབ་མི་ཡོང་བ་དང་། སྐུལ་འདེད་བྱེད་ཤུགས་མི་ཆེ་བ། རྗེས་འདེད་གནད་དོན་གྱི་གོ་རིམ་མགོ་བརྩམས་ནས། ལྟ་སྐུལ་བཅོས་སྐྱོང་དང་ལས་འགན་རྩད་གཅོད་གཉིས་མཉམ་དུ་བཀོད་སྒྲིག་སྐུལ་འདེད་བཏང་སྟེ། “གནད་འདྲི་གཅིག་ལ་ཉེན་བརྡ་གཅིག”གི་ཕན་འབྲས་ཐོན་པ་མ་ཟད། ལྟ་སྐུལ་བཅོས་སྐྱོང་དྲང་ཕྱོགས་དཔེ་མཚོན་དུ་བྱས་ནས། ཡུལ་དངོས་ཞིབ་བཤེར་བྱ་བ་སྤེལ་བ་དང་། དུས་ཐོག་ཏུ་དྲིལ་སྒྲོག་བྱས་ཏེ། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས།
ཨང་བགར་སྒྲིག་སྲོལ་གྱིས་དངོས་སུ་བཅོས་སྐྱོང་བྱེད་པར་རོགས་འདེགས་བྱས། ལས་སྒྲུབ་དུས་ཚོད་དང་ལས་སྒྲུབ་སྤུས་ཚད་ཀྱི“ཨང་རིམ་གཉིས”ཀྱི་བྱ་བའི་སྒྲིག་སྲོལ་སྒྲིག་འཛུགས་བྱས་ཏེ། སྐོར་ཐེངས་རེའི་ལས་སྒྲུབ་གནས་ཚུལ་དང་། འཕྲིན་བཅར་ཞུ་གཏུག་གི་སྤྱི་འབོར། ལས་སྒྲུབ་དཀའ་སླའི་ཚད་རིམ། བཅོས་སྐྱོང་དོན་འཁྱོལ་བྱས་ཚད། ལས་སྒྲུབ་ལེགས་འགྲུབ་སོགས་ཐད་ཀྱི་ཕྱོགས་བསྡུས་ཚད་གཞི་ལྟར། ཉིན་རེར་དབྱེ་ཞིབ་སྤྱི་བསྡོམས་དང་། དུས་ཐོག་ཏུ་བཅོས་སྐྱོང་བྱེད་པའི་གོ་རིམ་ཁྲོད་གནས་པའི་གནད་དོན་ལ། ཉིན་རེར《སྐོར་ཐེངས་གསུམ་པའི་ཀྲུང་དབྱང་ཁོར་སྲུང་ལྟ་སྐུལ་གཙོ་གནད་ཀྱི་འཕྲིན་བཅར་ཞུ་གཏུག་ལས་སྒྲུབ་བྱ་བའི་གནས་ཚུལ་སྐོར་གྱི་ཡོངས་བསྒྲགས》དང《སྐོར་ཐེངས་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་སྲུང་ལྟ་སྐུལ་ཞིབ་བཤེར་ཞུ་གཏུག་ལས་སྒྲུབ་བྱ་བའི་སྐོར་གྱི་གནས་ཚུལ་ཡོངས་བསྒྲགས》གཤམ་ལ་བསྒྲགས་པ་རེད། །