ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་གསར་སྐྲུན་ལྗོངས་ཁུལ་ཐོག་མ་གཏན་ཁེལ་དང་ཁྱབ་བསྒྲགས་བྱས། མཚོ་སྔོན་ཞིང་ཆེན་གྱིས་ངེས་གཏན་བྱས་པའི་སྐོར་ཐེངས་དང་པོའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་གསར་སྐྲུན་ལྗོངས་ཁུལ་ཐོག་མ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་། ཞིང་ཆེན་དང་རིག་གནས་ཡུལ་སྐོར་ཐིང་གིས་འབྲེལ་ཡོད་ཚད་གཞི་དང་གོ་རིམ་ལྟར་སྐོར་ཐེངས་ཐོག་མའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་། གསར་སྐྲུན་ལྗོངས་ཁུལ་གྱི་ངོས་འཛིན་བྱ་བ་ལེགས་འགྲུབ་བྱས་པ་དང་། མཚོ་སྔོན་པོ་སོགས་ལྗོངས་ཁུལ8ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དུ་གཏན་ཁེལ་བྱས་ལ། མིན་ཡོན་ལོག་དཀར་མེ་ཏོག་ལྗོངས་ཁུལ་སོགས་ལྗོངས་ཁུལ9ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གསར་སྐྲུན་ལྗོངས་ཁུལ་དུ་གཏན་ཁེལ་བྱས། 

ཤེས་གསལ་ལྟར་ན། ཞིང་ཆེན་ཡོངས་སུ་བསྡོམས་པས་རེ་ཞུ་བྱས་པའི་ལྗོངས་ཁུལ45དང་། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འཚོལ་ཞིབ་བྱེད་ཞོར་དུ་ལག་ལེན་བྱེད་པའི་བསམ་ཕྱོགས་ལྟར། རྒྱལ་ཁབ་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གསར་སྐྲུན་ཚད་གཞི་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་སྒོས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག9གདན་དྲངས་ནས་སྐྱེ་ཁམས་ལྗོངས་ཁུལ་གྱི་སྐྱེ་ཁམས་མ་ལག་རེ་ཞུ་བྱེད་པ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཅུང་མཐོ་བ། སྐྱེ་ཁམས་སྲུང་སྐྱོང་སྒྲིག་སྲོལ་འཐུས་ཚང་བ། ཁོར་ཡུག་སྤུས་ཚད་ལོངས་བ། སྐྱེ་ཁམས་ཡུལ་སྐོར་མཐོར་འདེགས་འཆར་གཞི་ལྡན་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྣེ་ཁྲིད་པ། ཕྱོགས་བསྡུས་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་སོགས་ཕྱོགས10ཡི་ཆ་རྐྱེན་དང་། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་འདུ་ཤེས་དང་རྒྱབ་འགལ་བྱས་ཏེ། ཆེད་དམིགས་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་དོན་རྐྱེན་སོགས་བྱུང་བར་རེ་ཞུ་བྱས་མི་ཆོག་པའི་གནས་ཚུལ་རིགས5ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས། དཔྱད་ཞིབ་བྱས་པའི་གོ་རིམ་གྱིས་དགོས་མཁོའི་ཁ་ཕྱོགས་དང་། སྐྱེ་ཁམས་སྔོན་ལ་བྱེད་པ། དྲང་བདེན་དྲང་བཞག་གི་རྩ་དོན་ལྟར། སྐྱེ་ཁམས་ཁོར་སྲུང་དང་རིག་གནས་ཡུལ་སྐོར་ཐད་ཀྱི་ཆེད་མཁས་པའ་ཡུལ་དངོས་ནས་ཞིབ་བཤེར་བྱེད་པ་རྩ་འཛུགས་བྱས་ཤིང་། དཔྱད་ཞིབ་ངེས་ལེན་ཁྲོད་སྐྱེ་ཁམས་ཡུལ་སྐོར་དགོས་མཁོ་ཁོང་དུ་ཆུད་པར་བྱས་ཏེ། ཆ་རྐྱེན་དང་མཐུན་པ་དང་སྐྱེ་ཁམས་སྲུང་སྐྱོང་བྱ་བ་གནད་དུ་ཐིངས་པ། ཡུལ་སྐོར་འཕེལ་རྒྱས་ཚན་རིག་དང་མཐུན་པ་མ་ཟད། ཞིང་ཆེན་ནང་ཁུལ་དུ་དཔེ་སྟོན་གྱི་རིན་ཐང་ལྡན་པའི་ལྗོངས་ཁུལ་ངེས་ལེན་བྱེད་པ་དེ་སྐོར་ཐེངས་ཐོག་མའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དང་གསར་སྐྲུན་ལྗོངས་ཁུལ་དུ་གཏན་ཁེལ་བྱས། 

སྐོར་ཐེངས་ཐོག་མའི་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་ལ། མཚོ་སྔོན་པོའི་ལྗོངས་ཁུལ་དང་མཚོ་བྱང་ཨ་མྱེས་སྟོང་སོ་ལྗོངས་ཁུལ། ཚྭ་ཁའི་ཚྭ་མཚོ། (ཚྭ་ཁའི་ཚྭ་མཚོ་དང་ཚྭ་ཁའི་ཚྭ་མཚོ་དང་པོ)ལྗོངས་ཁུལ། ཚ་རྔ་འགག་ལྗོངས་ཁུལ། བུའུ་སུའུ་ཐི་ས་གཤིས་ལྗོངས་ཁུལ། ཧུའུ་ཀྲུའུ་བྱང་རིའི་ལྗོངས་ཁུལ། རྐང་ཚའི་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ། ཡུས་ཧྲུའུ་ལེབ་ཁོག་ལྗོངས་ཁུལ་བཅས་ཡིན། ཞིང་ཆེན་རིམ་པའི་སྐྱེ་ཁམས་ཡུལ་སྐོར་གསར་སྐྲུན་ལྗོངས་ཁུལ་ནི། མིན་ཡོན་ལོག་དཀར་ལྗོངས་ཁུལ། མིན་ཧོ་ཆི་ལེའི་མེ་ཏོག་ལྗོངས་ཁུལ། ཧོང་ཀྲུང་ཆན་ཙིའི་ཡོན་ཡུལ་སྐོར་ལྗོངས་ཁུལ། ཁམས་རའི་ལྗོངས་ཁུལ། ཧོང་ཀྲུང་ཡུལ་དུངས་ཁ་དབྱང་ཡུལ་སྐོར་གུང་གསེང་ལྗོངས་ཁུལ། སྟོང་སྐོར་ཞའོ་ཀའོ་ལིན་ཞིང་སྡེའི་ཡུལ་སྐོར་རྟེན་གཞི། ཏ་ཐུང་སྤེན་མ་ལུང་བ་ལྗོངས་ཁུལ། གཅན་ཚའི་སྣང་རའི་བདེ་སྐྱིད་ལྗོངས་ཁུལ། ཧུའུ་ཀྲུའུ་མའོ་འར་ཀུག་མཐོ་སྒང་སྐྱེ་ཁམས་ལྗོངས་ཁུལ་བཅས་ཡིན། ། 

 
རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།