ཀྲུང་གོ་བོད་ཀྱི་དྲ་བ།

དགུན་དུས་ཀྱི་མཚོ་སྔོན་པོའི་མཛེས་ལྗོངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2023-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་དུས་ཀྱི་མཚོ་སྔོན་པོ་ནི་མི་རྣམས་ཀྱིས་རེ་སྨོན་བཅངས་པའི་མཐོ་སྒང་གི་མུ་ཏིག་ཅིག་ཡིན་པས་གསོན་ཉམས་ལྡན་པ་ཞིག་ཡིན་ལ། དགུན་དུས་ཀྱི་མཚོ་སྔོན་པོ་ནི་ཡུལ་སྐོར་གྱི་རྦ་རླབས་འགྲིབ་རྗེས་ཀྱི་ངོ་མཚར་ལྡན་པའི་རྡོ་རྗེ་ཕ་ལམ་ཡིན་པས་ལྷིང་འཇགས་སུ་གནས་ཡོད། སྟོན་དུས་ཧྲིལ་བོའི་ངལ་གསོ་དང་ཁུ་སིམ་པོར་གནས་པས་དགུན་དུས་ཀྱི་ཁེར་རྐྱང་དང་མཚར་སྡུག་གི་མཚོ་སྔོན་པོ་གྲུབ་པ་རེད། བསིལ་རླུང་མཚོ་ངོས་སུ་རྒྱུ་པ་ན་ཆུ་རིས་སྣ་ཚོགས་མངོན་ཞིང་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་མངོན་པས་རྔམ་བརྗིད་ལྡན་པ་ཞིག་ཡིན།

མཚོ་སྔོན་པོ་ནི་རང་རྒྱལ་ཀྱི་སྐམ་སའི་མཚོ་དང་པོ་ཡིན་ཞིང་། དེ་ནི་རང་བྱུང་ཁམས་ཀྱིས་མདོ་དབུས་མཐོ་སྒང་ལ་སྦྱིན་པའི་རིན་པོ་ཆེའི་མེ་ལོང་ཞིག་ཡིན་པ་མ་ཟད། རྣམ་པར་བཀྲ་བའི་ཁ་མདོག་འདུས་ནས་དུས་ཚིགས་དང་ས་གནས། ཟུར་མང་པོ་ནས་མཛེས་བའི་ཡུལ་ལྗོངས་སྣ་ཚོགས་གྲུབ་ཡོད། དགུན་དུས་ཀྱི་མཚོ་སྔོན་པོར་རིམ་བཞིན་དར་ཆགས་པ་དང་། གཟུགས་དབྱིབས་མཛེས་པའི་ངང་དཀར་དང་མཚོ་ངོས་སུ་ཉ་འཛིན་པའི་སྐྱར་མོ་བཅས་ཀྱིས་སྐྱེས་སྟོབས་ལྡན་པའི་མི་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མཚོན་བཞིན་ཡོད། །

དགུན་དུས་དར་ཆགས་བཞིན་པའི་མཚོ་སྔོན་པོ།

དགུན་དུས་དར་ཆགས་བཞིན་པའི་མཚོ་སྔོན་པོ།

མཚོ་ཡིས་མནན་པའི་བྱེ་ཁུག་མཚོ་དང་ཡོངས་སུ་འདྲེས་པ།

མཚོ་ཡིས་མནན་པའི་བྱེ་ཁུག་མཚོ་དང་ཡོངས་སུ་འདྲེས་པ།

སྐྱར་མོས་མཚོ་འགྲམ་དུ་ཟས་འཚོལ་བ།

མཚོ་སྔོན་པོའི་མཚོ་འགྲམ་གྱི་ངང་དཀར།

མཚོ་སྔོན་པོའི་མཚོ་འགྲམ་གྱི་ངང་དཀར།

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།