ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་བཅུ་བཞི་པའི་སྐྱེ་ཁམས་ཁོར་ཡུག་གི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན64སྤྲད་དེ་བསྒྲུབ་ཏུ་བཅུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2023-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས6ཉིན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་སྐོར་ཐེངས་བཅུ་བཞི་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་བསྡོམས་པས64སྤྲད་དེ་བསྒྲུབ་ཏུ་བཅུག དེའི་ཁྲོད་གཙོ་གནད་དུ་དོ་ཁུར་བྱེད་པའི་གྱོད་དོན8ཡོད། བསྒྲུབ་ཏུ་བཅུག་པའི་འཕྲིན་བཅར་ཞུ་གཏུག་གྱོད་དོན64དེ་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ7ལ་འབྲེལ་ཡོད་ཅིང་། དེའི་ནང་ཟི་ལིང་གྲོང་ཁྱེར་དུ་གྱོད་དོན35དང་། མཚོ་ཤར་གྲོང་ཁྱེར་དུ་གྱོད་དོན12། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་གྱོད་དོན8། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན1། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན1། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན4། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གྱོད་དོན3བཅས་ཡོད། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་གནད་དོན་དེ་འཛེར་སྒྲའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན16དང་། སྐྱེ་ཁམས་གཏོར་བརླག་ལ་འབྲེལ་བའི་གྱོད་དོན16། རླུང་ཁམས་ཆེན་མོའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན10། ཆུའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན8། ས་གཤིས་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན10། གཞན་པའི་སྦགས་བཙོག་ལ་འབྲེལ་བའི་གྱོད་དོན4བཅས་ཡོད། མིག་སྔར་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚན་ཆུང་ལྔ་པས་རང་ཞིང་ལ་སྤྲད་ནས་བསྒྲུབ་ཏུ་བཅུག་པའི་སྐོར་ཐེངས་བཅུ་བཞི་པའི་མང་ཚོགས་ཀྱི་འཕྲིན་བཅར་ཞུ་གཏུག་གྱོད་དོན་དག་སོ་སོར་འབྲེལ་ཡོད་ཀྱི་གྲོང་ཁྱེར་དང་ཁུལ། སྡེ་ཁག་བཅས་ལ་སྤྲད་ཡོད་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་གོ་རིམ་ལྟར་དུས་ཚོད་དམ་འཛིན་བྱས་ནས་སྒྲུབ་བཞིན་པའི་སྒང་ཡིན། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།