ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་མ་དངུལ་དོན་འཁྱོལ་བྱས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན། ད་ལོའི་རིང་ལ། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བཅོས་བསྒྱུར་འཕེལ་རྒྱས་ཀྱི“དོན་སྙིང་གསུམ”གྱི་བླང་བྱ་ལྟར། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་དམ་དུ་འབྲེལ་ཏེ། གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་སྒོར་དུང་ཕྱུར4.12ལྷག་བརྩོན་ལེན་བྱས་ནས། རོང་འབྲོག་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་མི་འདང་ས་ཁ་གསབ་དང་། ཁྱད་ལྡན་ཐོན་ལས་རོགས་སྐྱོར། གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་སྡེ་བར་སྲུང་སྐྱོང་དང་འཕེལ་རྒྱས་སུ་བཏང་ནས། “བདེ་ཐང་བཏུང་ཇ”དང“ཇ་དུད་ཁྱིམ་དུ་སྐྱེལ་བ”སོགས་ཀྱི་ལས་གཞི265ལག་བསྟར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་བཏང་། 

ད་ལོའི་རིང་ལ། མ་དངུལ་སྒོར་དུང་ཕྱུར2.68ལྷག་བཀོད་སྒྲིག་བྱས་ཏེ། གྲངས་ཉུང་མི་རིགས་སྲོལ་རྒྱུན་ལག་ཤེས་ཐོན་ལས་དང་། གསོ་སྤེལ་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལས་གཞི150ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར1.26ལྷག་བཀོད་སྒྲིག་བྱས་ཏེ། ཞིང་སྡེའི་གཞུང་ལམ་དང་། ཟམ་པ་ཆུང་བ། ཆུ་བེད་ཆུ་རྐ་སོགས་རྨང་གཞིའི་སྒྲིག་ཆས་ལས་གཞི74ལག་བསྟར་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར0.18ལྷག་བཀོད་སྒྲིག་བྱས་ཏེ། བདེ་ཐང་བཏུང་ཇ”ལས་གཞི41ལག་བསྟར་བྱས། ཟླ9པའི་ཟླ་མཇུག་བར་དུ། གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་མ་དངུལ་སྒོར་དུང་ཕྱུར3.3ལྷག་བཏང་བ་དང་། གཏོང་ཚད80.51%ཡིན། ལས་གཞི་ལག་བསྟར་བྱས་པ་བརྒྱུད། ཕན་ནུས་ལྡན་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་དང་། སྤྱི་བའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། དམངས་ཚིས་བདེ་སྐྱིད་མཐོར་འདེགས། དེ་མིན་མི་རིགས་མཐུན་སྒྲིལ་དང་། མི་རིགས་སོ་སོའི་འགྲོ་འོང་མཉམ་འདྲེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་ཐད་བྱེད་ནུས་ཐོན་ཡོད། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་བསྟན་དོན། རྗེས་ཕྱོགས་སུ་ལས་འགན་གཙོ་བོ་དོན་འཁྱོལ་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། ལས་གཞིའི་མ་དངུལ་གྱི་དོ་དམ་ནུས་ཤུགས་ཆུ་ཚད་མཐོ་རུ་བཏང་ནས། ལས་གཞིའི་མ་དངུལ་གྱི་སྤྱི་ཚོགས་ཁེ་ཕན་དང་དཔལ་འབྱོར་ཁེ་ཕན་འདོན་སྤེལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་བྱས་ནས། རང་ཞིང་གི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་འདེགས་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།