ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2023-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11ཚེས14ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་པ་འཚོགས། ཚོགས་ཐོག་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ཟབ་མོ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་གྱི་ལས་དོན་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་པ། འབྲེལ་ཡོད་སྙན་ཞུར་མཉན་པ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ། མིག་སྔར་གྱི་གཙོ་གནད་ལས་དོན་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་ནན་མོ་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས།

ཚོགས་ཐོག་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་ནི“རྒྱལ་དོན་གྱི་ཆེ་ཕྱོགས”ཡིན་པས། གཙོ་གནད་ཐོད་བརྒལ་དང་ཕྱོགས་ཡོངས་སྐུལ་འདེད་ཕན་ཚུན་ཟུང་འབྲེལ་ངེས་པར་དུ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྐྱོང་ཇེ་མགྱོགས་སུ་བཏང་ནས། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མྱུར་ཏུ་གཏོང་དགོས། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཞབས་ཞུ་ནུས་པ་དང་བརྟན་འཇགས་རང་བཞིན་མུ་མཐུད་དུ་ལེགས་བཅོས་མཐོར་འདེགས་གཏོང་བ་དང་། ཉམས་མྱོང་བསླབ་བྱ་སྡུད་པ། “ཉེན་ཟོན”སེམས་ལ་དམ་པོར་བཟུང་ནས། རྩྭ་ཐང་མེ་འགོག་དང་ཚན་རིག་དང་མཐུན་པའི་གསོ་སྐྱོང་། མ་དངུལ་སྤྱི་འདོམས་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབ་དགོས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲ་བརྟན་མཐོར་འདེགས་ཀྱི་ལོ་གསུམ་འགུལ་སྐྱོད་ལག་བསྟར་ལེགས་པོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཞིག་གསོ་བཅོས་སྐྱོང་ལེགས་པར་འཛིན་པ། མཁར་གྲོང་གི་འཚོ་བའི་གད་སྙིགས་རྙོག་ཆུ་ཐག་གཅོད་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས། མཚོ་སྔོན་གྱི་རྨ་ནུབ་དོག་ལམ་དང་ཐ་ཁུ་ལ་མ་ཀན་བྱེ་ཐང་འགྲམ་གྱི་འགོག་རྒོལ་དམག་འཐབ་ཁྲོད་ཀྱི་གལ་ཆེན་རང་བཞིན་དང་དམིགས་བསལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། བྱེ་འགོག་བྱེ་བཅོས་ལས་དོན་དང“བྱང་གསུམ”བཟོ་སྐྲུན་ལ་སྟོབས་དང་ལྡན་པར་སྐུལ་འདེད་བཏང་ནས། མེས་རྒྱལ་བྱང་ཕྱོགས་ཀྱི་ལྗང་མདོག་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་འཕེལ་རྒྱས་གཏོང་བར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས། མཐའ་ཆོད་ཅིང་བློ་ཐག་ཆོད་པའི་རྣམ་འགྱུར་དང་སྟོབས་ལྡན་ཞིང་ཕན་འབྲས་ཡོད་པའི་བྱེད་ཐབས་ལ་བརྟེན་ནས་ཟུར་བལྟས་ལེབ་མཐོང་དང་མི་འདང་བ་འཚོལ་བ། “ཁེ་ལས་གཅིག་ལ་སྲིད་ཇུས་གཅིག”ལག་ཏུ་བསྟར་བར་རྒྱུན་མཐུད་སྐུལ་འདེད་བཏང་ནས་ཁེ་ལས་ཀྱི་རྙོག་ཆུས་ཡུལ་རྫོབ་གནད་དོན་རྩ་བ་ཆ་ནས་དག་ཐེར་ཡོ་བསྲང་བྱེད་པ། དུས་མཚུངས་སུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་སྡོམ་ཁྲིམས་བསྟར་གྱི་སྤུས་ཀ་ཕན་འབྲས་མུ་མཐུད་དུ་མཐོར་འདེགས་པ། ཐོན་ལས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། ལས་གཞི་ཆོག་འཐུས་ཞིབ་མཆན་གཟབ་ནན་དུ་བཏང་ནས། ཁབ་རྩེས་ཁུང་བུ་བརྟོལ་བ་ལས་རླུང་ཆེན་ཤོར་བར་འགོག་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ངེས་པ་དོན་གྱིས་འགན་འཁྲི་འཁུར་དགོས་པ་དང་། རིམ་པ་སོ་སོ་དང་རིགས་སོ་སོའི་ཁོར་སྲུང་ལྟ་ཞིབ་ཕྱིར་ལན་གནད་དོན་དག་ཐེར་ཡོ་བསྲང་མགྱོགས་མྱུར་གྱིས་སྤེལ་བ། ལེགས་འགྲུབ་བྱས་ཟིན་པའི་ལས་གཞི་ལ་རིམ་བཞིན་ཕྱིར་མིག་བལྟས་ནས། བརྟག་བཤེར་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། དག་ཐེར་ཡོ་བསྲང་དུས་བཀག་ནང་གི་ལས་གཞི་ལ། དུས་ལྟར་སྤུས་ཚད་ཁག་ཐེག་སྒོས་ལེགས་སྒྲུབ་ཐུབ་པར་ཁག་ཐེག་བྱེད་དགོས། དུས་ཡོལ་བའི་དག་ཐེར་ཡོ་བསྲང་མ་འགྲུབ་པའི་ལས་གཞི་ལ། དག་ཐེར་ཡོ་བསྲང་ལས་དོན་ངེས་པ་དོན་གྱིས་ལེགས་པར་བསྒྲུབ་དགོས། 《རབ་མཛེས་མཚོ་སྔོན་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》ལག་བསྟར་དངོས་འབེབས་ནན་ཏན་བྱེད་པ་དང་། མཚོ་སྔོན་གྱི་དངོས་ཡོད་ལ་ཟུང་འབྲེལ་བྱེད་པ། གནད་དོན་རང་འགུལ་གྱིས་གསེད་བཀྲོལ་བྱེད་པ། ལས་དོན་ལ་སྔ་མོ་ནས་འཆར་གཞི་འགོད་པ། མཚོ་སྔོན་པོ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གཙོ་བོ་ནང་གི་གཙོ་བོ་འདིར་དམ་པོར་དམིགས་པ། འབྲེལ་ཡོད་འཆར་འགོད་མྱུར་ཏུ་བཟོས་ནས། རབ་མཛེས་མཚོ་སྔོན་གྱི་དམིགས་འབེན་འདི་གོམ་པ་རེ་རེ་བྱས་ནས་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་ཐོག་ནས། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལེགས་གྲུབ་གནས་ཚུལ་གྱི་སྙན་ཞུར་མཉན་པ་དང་། 《མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲ་བརྟན་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ཇུས་གཞི(2024—2026)》དང་། 《བྱེ་འགྱུར་ཐང་རྒོད་ཅན་གྱི་ཕྱོགས་བསྡུས་འགོག་བཅོས་དང“བྱང་གསུམ”སོགས་གཙོ་གནས་སྐྱེ་ཁམས་བཟོ་སྐྲུན་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར།》 《“བྱང་གསུམ”བཟོ་སྐྲུན་སྐབས་གསུམ་པའི་འཆར་འགོད་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི(2021—2030)།》 《རྨ་ནུབ་དོག་ལམ་དང་ཐ་ཁུ་ལ་མ་ཀན་བྱེ་ཐང་འགྲམ་གྱི་འགོག་རྒོལ་དམག་འཐབ་མཚོ་སྔོན་ཁོངས་གཏོགས་ཀྱི་བྱེ་འགོག་བྱེ་བཅོས་ལོ་གསུམ་འགག་སྒྲོལ་འགུལ་སྐྱོད་ཇུས་གཞི(2024—2026ལོ)》བཅས་ལ་གྲོས་ཞིབ་བྱས།

ཞིང་ཆེན་མགོ་ཁྲིད་ཚེ་རིང་ཐར་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥེང་། ལིའུ་ཐུང་ཏེ། ལིའུ་ཐའོ། ལི་ཞའོ་ནན་བཅས་ཚོགས་འདུར་ཞུགས། ། 


རྩོམ་སྒྲིག་པ། : གསང་བདག་རྒྱལ།