ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱི་བརླན་ས་སྲུང་སྐྱོང་གི་ཆེད་མཁས་མཛོད་དངོས་སུ་བཙུགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་བརླན་ས་སྲུང་སྐྱོང་ཆེད་མཁས་ཨུ་ཡོན་ལྷན་ཁང་རྩ་འཛུགས་བྱས་ནས་བཙུགས་པ་དང་། དེས་བརླན་སའི་རྨང་གཞིའི་ཞིབ་འཇུག་དང་མཐོ་གྲང་བརླན་ས་སླར་གསོའི་ལག་རྩལ་ཞིབ་འཇུག་ལ་ཤུགས་སྣོན་པ་དང་བརླན་སའི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་བསྣན་པ་བཅས་དུས་སྐབས་གསར་པར་མཚོ་སྔོན་གྱི་བརླན་ས་སྲུང་སྐྱོང་གི་སྤུས་ཚད་མཐོ་པོའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་རྒྱུ་རེད། 

གསར་འགོད་པས་རྒྱུས་ལོན་པ་ལྟར་ན།    བརླན་ས་སྲུང་སྐྱོང་ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་བརླན་ས་དང་རྩྭ་ཐང་།    ནགས་ཚལ།    ཆུ་བེད།    རང་བྱུང་ཐོན་ཁུངས།    གནམ་གཤིས།    ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་ཅན25དེའི་གྲས་སུ་བཞག་ནས། ཆེད་ལས་མཁས་ཅན་གདན་ཞུའི་ལམ་ལུགས་ལག་ལེན་བྱས་ཏེ་གདན་ཞུའི་དུས་ཡུན་ལོ་གསུམ་ཡིན་པ་རེད།     སྲུང་སྐྱོང་དང་དོ་དམ།    སྤུས་ཚད་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་སྟེང་ནས་བརླན་ས་སྲུང་སྐྱོང་འཆར་འགོད་བཟོ་བ་དང་།    བརླན་སའི་མིང་གཞུང་བཟོ་བ།    འབྲེལ་ཡོད་ཚད་གཞི་བཟོ་བ་སོགས་ཚོད་སྐོར་རིགས་པས་ཁུངས་སྐྱེལ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཏེ། རིམ་པ་སོ་སོའི་བརླན་ས་སྲུང་སྐྱོང་དོ་དམ་སྒྲིག་གཞིར་གཞོགས་འདེགས་བྱས་པ་བརྒྱུད། བརླན་སའི་མཐིལ་རྟོགས་དེ་རང་གི་བརྟག་དཔྱད་ལག་རྩལ་གྱི་མཛུབ་ཁྲིད་ལེགས་པོ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་འཕེལ་རྒྱས་འཆར་འགོད་དང་འཆར་གཞི།    ཐབས་ཇུས་བཅས་ལ་གཙོ་གནད་སྒོས་ཞིབ་འཇུག་བྱ་རྒྱུ་དང་།     བརླན་ས་སྲུང་སྐྱོང་གི་སྲིད་ཇུས་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ཞིབ་འཇུག་བྱས་ནས་བཟོ་བ།     བརླན་ས་གལ་ཆེན་སྲུང་སྐྱོང་བྱེད་པའི་བཟོ་འགོད་དང་ཚན་རིག་ཞིབ་འཇུག་བྱེད་པའི་རྣམ་གྲངས་འཛུགས་པར་ཞིབ་འཇུག་བྱ་རྒྱུ།     བརླན་སའི་མིང་ཐོ་བཟོ་བ་དང་བརླན་ས་སྲུང་སྐྱོང་བྱེད་ཁོངས་གཏན་འཁེལ་བྱེད་པ།     བརླན་ས་སྲུང་སྐྱོང་གི་ཕན་འབྲས་དང་ཚན་རྩལ་གྲུབ་འབྲས་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་གདེང་འཇོག་བྱ་རྒྱུ།     བརླན་ས་སྲུང་སྐྱོང་དང་དོ་དམ་ལག་རྩལ་གྱི་ཚད་གཞི་ཞིབ་འཇུག་དང་གཏན་འབེབས་བྱ་རྒྱུ་བཅས་དུས་བཅད་ལྟར་རིག་གཞུང་སྤེལ་རེས་དང་ལག་རྩལ་གླེང་སྟེགས་སོགས་ཀྱི་ལས་དོན་སྤེལ་བ་མ་ཟད།    བརླན་ས་སྲུང་སྐྱོང་དང་དོ་དམ་བྱེད་པའི་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུ་རེད།

བརླན་ས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དགོས་མཁོ་སྐོང་ཆེད།    《མཚོ་སྔོན་ཞིང་ཆེན་གྱི་བརླན་ས་སྲུང་སྐྱོང་འཆར་འགོད(2022ལོ་ནས2030ལོ་བར)》ལྟར། མཚོ་སྔོན་ཞིང་ཆེན་གྱིས་ཡང་བསྐྱར་བརླན་ས་སྲུང་སྐྱོང་གི་ཆེད་ལས་མཁས་ཅན་བསྡུ་རུབ་བྱས་ནས་བརླན་སའི་ཆེད་ལས་མཁས་ཅན་ཞིབ་འཇུག་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་རེད།     མིག་སྔར་མི་སྒེར་གྱིས་ཡིག་ཐོག་སྙན་ཞུ་འབུལ་བ་དང་སྡེ་ཁག་གི་འོས་སྦྱོར་བྱེད་པ།    ཞིབ་དཔྱད་ཡོངས་བསྒྲགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཆེད་ལས་མཁས་ཅན43མིང་ཐོ་འགོད་པ་དེའི་ནང་གཙོ་བོ་སྐྱེ་ཁམས་བཅོས་སྐྱོང་དང་བརླན་སའི་ཚན་རིག  ནགས་ཚལ་རིག་པ།    རྩྭ་ཐང་བཅོས་སྐྱོང་།    ཆུའི་ཐོན་ཁུངས།   རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་།   ནོར་དོན་དོ་དམ་སོགས་ཚུད་ཡོད་པ་རེད།      །   

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།