ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྒྲོག་འགྲེལ་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་ཟི་ལིང་དུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོ།   སྤེལ་དུས། : 2023-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས14ཉིན་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྒྲོག་འགྲེལ་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་ཟི་ལིང་དུ་འཚོགས་པ་དང་། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཀན་སུའུ་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་མ་ཧོ་ཁྲིན་གྱིས་སྒྲོག་འགྲེལ་སྙན་ཞུ་ཕུལ།   ཟི་ལིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་མཚོ་ཤར་དང་ཡུས་ཧྲུའུ།  མགོ་ལོག་བཅས་ནས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཏེ་བརྙན་ལམ་གྱི་རྣམ་པས་སྙན་ཞུར་ཉན།སྙན་ཞུའི་ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་ཁ་ཕྱོགས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་ནང་དོན་གཏིང་ཟབ་མོ་དང་དེ་བཞིན་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན།  རིགས་པའི་གཞུང་ལུགས་ཀྱི་འབྱུང་ཁུངས།  གཞི་རྩའི་ལས་འགན།  ལག་ལེན་གྱི་བྱ་ཐབས།  རྩ་བའི་འགན་ལེན་སོགས་ཕྱོགས་དྲུག་ཐད་གོ་རིམ་ལྡན་པའི་ངང་སྒྲོག་འགྲེལ་བྱས།

ཚོགས་འདུ་གྲོལ་རྗེས་ཚང་མས་ཐེངས་འདིའི་སྒྲོག་འགྲེལ་གྱི་ལྟ་བ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཡིན་པས། ཉན་རྗེས་མི་རྣམས་ཀྱི་བློ་སྒོ་ཕྱེ་ཐུབ་པ་དང་ཕན་པ་མི་དམན་པ་ཐོབ་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་ལག་ལེན་དང་དུས་རབས་གསར་པར་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་བསམ་བློ་དང་བློ་གྲོས་ཀྱི་ཁྲིད་སྟོན་ལེགས་པོ་མཁོ་འདོན་བྱས་ཡོད་ཅེས་བཤད་པ་རེད།   རྗེས་མར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ཏེ“འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་།  “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ།  “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་པ་བརྒྱུད།“ལྔའི་གཅིག”ཀྱི་ལག་ལེན་བྱ་ཐབས་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་དཔེ་སྟོན་གྲོང་ཁྱེར་གསར་སྐྲུན་བྱ་རྒྱུ་བཅས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མིག་དཔེ་བཟང་པོ་གསར་སྐྲུན་བྱ་རྒྱུ་དང་དུས་རབས་གསར་བའི་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་བྱ་རྒྱུ་རེད།

སྒྲོག་འགྲེལ་ཚོགས་པ་ད་དུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་སུ་བསྐྱོད་ནས་སྒྲོག་འགྲེལ་བྱ་རྒྱུ་རེད།     ། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།