ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྤྲང་འཁྱམ་པར་དམིགས་ནས“དགུན་འཁྱགས་ལ་དྲོད་ཁོལ་སྐྱེལ་བའི”ཆེད་དོན་རོགས་སྐྱོར་འགུལ་སྐྱོད་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་གསལ་ལྟར་ན། འཚོ་བ་སྐྱེལ་ཐབས་བྲལ་བའི་སྤྲང་འཁྱམ་པ་རྣམས་ཀྱིེས་བདེ་འཇགས་ངང་དགུན་སྒྲོལ་པ་དང་ཁོང་ཚོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས2023ལོའི་སྤྲང་འཁྱམ་པར་རོགས་སྐྱོར་དང་དོ་དམ་བྱེད་པའི“དགུན་འཁྱགས་ལ་དྲོད་ཁོལ་སྐྱེལ་བའི”ཆེད་དོན་འགུལ་སྐྱོད་གཏིང་ཟབ་སྤེལ་ནས། སྤྲང་འཁྱམ་པ་རྣམས་ཀྱིས་བདེ་འཇགས་དང་དྲོད་ཁོལ་ལྡན་པའི་ངང་དགུན་སྒྲོལ་ཏེ་སྤྲང་པོར་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་དང་དེ་བཞིན་སྤྱི་ཚོགས་ཀྱི་ཐུགས་ཁུར་དངོས་སུ་མྱོང་ཐུབ་པར་བྱས།

ཤེས་གསལ་ལྟར་ན། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་རང་འགུལ་ངང་སྤྱི་བདེ་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་དང་མཐུན་སྦྱོར་མཉམ་འགུལ་བྱ་རྒྱུར་ཤུགས་བསྣན་ནས། ཁྲོམ་གཞུང་དུ་སྐོར་ཞིབ་དང་རོགས་སྐྱོབ་ཀྱི་ལས་དོན་ཡག་པོ་སྤེལ་ཡོད་པ་རེད། མཚན་མོ་དང་དུས་ཆེན། གུང་གསེང་། གྲང་ངར་གདུག་རྩུབ་ཆེ་བའི་གནམ་གཤིས་སྐབས་སུ་སྐོར་ཞིབ་ཐེངས་གྲངས་ཇེ་མང་དུ་བཏང་ནས་སྤྲང་འཁྱམ་པའི་རིགས་ལ་རོགས་སྐྱོབ་དོ་དམ་ལས་ཁུངས་སུ་རོགས་སྐྱོབ་དང་ལེན་བྱེད་པར་དུས་ཐོག་ཏུ་ཁ་ཏ་བསླབ་བྱ་བྱས། རོགས་སྐྱོབ་དོ་དམ་ལས་ཁུངས་སུ་རོགས་སྐྱོར་ཞུ་བར་འགྲོ་འདོད་མེད་པའི་སྤྲང་འཁྱམ་པའི་རིགས་ལ་དགོས་ངེས་ཀྱི་བཟའ་བཅའ་དང་གྱོན་གོས། དྲོད་སྲུང་ཡོ་བྱད་བཅས་མཁོ་འདོན་བྱས། ཞབས་ཞུའི་མཁོ་སྤྲོད་ཇེ་ལེགས་སུ་བཏང་བ་དང་རོགས་སྐྱོབ་ཀྱི་སྤུས་ཚད་མཐོ་རུ་བཏང་། རོགས་སྐྱོབ་ཐད་སྦྲེལ་ཁ་པར་ཆུ་ཚོད24ལ་སྦྲེལ་ཐུབ་པ་བྱས་ནས་དུས་ཐོག་ཏུ་རོགས་སྐྱོར་རེ་ཞུའི་ཁུངས་སྣེ་དང་ལེན་བྱས་ཏེ་རོགས་སྐྱོར་བྱེད་མཁན་གྱི་དཀའ་ངལ་འཕྲད་པའི་མི་སྣར་སྲིད་ཇུས་ཀྱི་གཏན་འབེབས་ལྟར་སྔོན་ལ་རོགས་སྐྱོབ་བྱས་ནས“སྐྱོབ་དགོས་ངེས་སྐྱོབ”ཐུབ་པར་བྱས།

དུས་མཚུངས་སུ། ས་ཚིགས་གི་ལྟ་རྟོག་ཞབས་ཞུའི་འགན་འཁྲི་ཆེ་རུ་བཏང་ནས་ནད་པར་དུས་ཐོག་ཏུ་སྨན་བཅོས་བྱེད་པ་དང་། ཐོལ་བྱུང་དོན་རྐྱེན་བྱུང་ནས་འཚོ་བར་དཀའ་ངལ་འཕྲད་པའི་མི་སྣར་དགོས་ངེས་དང་བར་བརྒལ་རང་བཞིན་གྱི་འཚོ་བའི་འགན་ལེན་བྱས། མི་སྒེར་གྱི་ཐོབ་ཐང་ཆ་འཕྲིན་མཁོ་འདོན་བྱེད་ཐབས་མེད་པའི་རོགས་སྐྱོར་བྱ་ཡུལ་ལ་གཉེན་འཚོལ་ལས་དོན་སྤེལ་ནས་ཁོང་ཚོ་གང་མགྱོགས་ངང་རང་ཁྱིམ་དུ་ལོག་པར་རོགས་རམ་བྱས། རིམ་བཞིའི་མཉམ་འགུལ་རོགས་སྐྱོབ་དོ་དམ་དྲ་བ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་སྤྲང་འཁྱམ་པའི་རིགས་འབྱུང་རྩ་ནས་བཅོས་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་ཏན་ཏིག་བྱས། མི་གཞན་ལ་སྒྲིག་འཛུགས་དང་ངན་སྐུལ། བཙན་སྐུལ་བཅས་བྱས་ནས་འཁྱམ་སྤྲང་བྱེད་དུ་འཇུག་པ་དང་དེ་བཞིན་ནར་མ་སོན་པའི་མི་བེད་སྤྱད་དེ་སློང་མོ་བྱེད་པའི་མི་ལ་བཅའ་ཁྲིམས་ལྟར་རྡུང་རྡེག་བཏང་སྟེ་མང་ཚོགས་ཀྱི་ཚུལ་མཐུན་གྱི་ངང་ནས་སྦྱིན་པ་གཏོང་བར་ཁྲིད་སྟོན་དང་། འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་རོགས་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཡང་བསྐྱར་སྤྲང་འཁྱམས་བྱེད་པའི་སྣང་ཚུལ་བཀག །


རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།