ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཀྲུའུ་ཀྲི་ཀུའོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་གཞས་མ་གཏམ་ཆེད་དོན་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ། ཞིང་ཆེན་དཔལ་ཡོན་གཞུང་ལས་ཁང་། ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི“ཚེ་སྲོག་ལ་བརྟེན་ནས་ལྷག་བསམ་མཚོན་པ་སྟེ། བློ་མཐུན་ཀྲུའུ་ཀྲི་ཀུའོ་ཡི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་གཞས་མ་གཏམ་ཆེད་དོན་འཁྲབ་སྟོན”ཞེས་པའི་འཁྲབ་སྟོན་བྱེད་སྒོ་དེ་ཟི་ལིང་དུ་སྤེལ།

བྱེད་སྒོ་ཧྲིལ་པོ་བརྙན་ཐུང་དང་མཉམ་འགུལ་གླེང་མོལ། འགུལ་རྣམ་བྱེ་རིས། གཞས་མ་གཏམ་སོགས་ཀྱི་རྣམ་པས་ཡིད་དབང་འཕྲོག་པའི་ངང་མངོན་པར་བྱས་ཡོད། མཚོ་སྔོན་ཞིང་ཆེན་སྒྱུ་རྩལ་ཆེད་ལས་སློབ་གླིང་ཚོགས་པ་དང་དམངས་ཁྲོད་ཀྱི་གཞས་གདངས་རྩོམ་མཁན་གྱིས་ཕུལ་དུ་བྱུང་བའི་འཁྲབ་སྟོན་དང་བརྩེ་སེམས་ཟབ་པའི་གླུ་མ་གཏམ་ལ་བརྟེན་ནས་བློ་མཐུན་ཀྲུའུ་ཀྲི་ཀུའོ་ཡི་སྔོན་ཐོན་བྱས་རྗེས་དང་ཁོང་གི་སྤྱིར་བཏང་མིན་པའི་མི་ཚེ་གསོན་ཉམས་དོད་པའི་ངང་འཁྲབ་སྟོན་བྱས་ཡོད། གླུ་གར《འཁྱགས་རོམ་ཞུ་བ》། ཞན་ཞོ《ཀྲུའུ་ཀྲི་ཀུའོ་ལ་བསྟོད་གླུ་འབུལ》། བོད་ཀྱི་རྡུང་ལེན《ཁྱོད་ལ་གུས་འདུད་ཞུ》། གླུ་གཞས《ཕྱིར་ལོག་ཤོག》བྱིས་པའི་མགྱོགས་གཏམ་རོལ་དབྱངས《ཨ་ཁུར་མེ་ཏོག་འབུལ》། ཡུལ་རྣམ་ཟློས་གར《ཕ་ལགས། སྐྱེ་བ་རྗེས་མར་ང་ཚོ་གཅེན་གཅུང་བྱེད》། པེ་ཅིན་སྐད་ཀྱི་རྔ་ཚིགས་གཞས་མ་གཏམ《ཀྲུའུ་ཀྲི་ཀུའོ་ལ་སློབ་སྦྱོང་བྱེད》། མཚོ་སྔོན་གྱི་ཕིན་ཞུན《མཁས་མཛངས་ཅན་ལ་དབྱངས་ཀྱིས་མྱ་ངན་ཞུ》། མཉམ་ལེན《མར་མེ་རྐང་གཅིག་སྒྲོན་ནས་ཁྱེད་ལ་སྐྱེལ་མ་བྱེད》སོགས་འཁྲབ་སྟོན་བྱས་པས་རྒྱལ་ཡོངས་ཕུལ་བྱུང་རྩ་འཛུགས་ལས་བྱེད་པ་དང་ཀྲུང་གོའི་མི་བཟང་སོགས་ཀྱི་མཚན་སྙན་ཐོབ་པའི་བློ་མཐུན་ཀྲུའུ་ཀྲི་ཀུའོ་ཡི་བསམ་སྤྱོད་ཀྱིས་མི་སེམས་སྒུལ་བར་བྱས་ཤིང་ཡུལ་དངོས་ལྟད་མོ་བར་ཡིད་འགུལ་ཐེབས་ཤིང་སྐུལ་ལྕག་བྱས།

བྱེད་སྒོ་མཇུག་བསྒྲིལ་རྗེས་ཚང་མས་བློ་མཐུན་ཀྲུའུ་ཀྲི་ཀུའོ་ཡི་མཛད་རྗེས་ལ་སློབ་སྦྱོང་ཞུ་འོས་པ་དང་སྙིང་སྟོབས་དར་སྤེལ་གཏོང་དགོས་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད། སླད་ཕྱིན་དད་མོས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འབད་འབུངས་ཡར་བརྩོན་དང་། དཔའ་ངར་ཆེར་བསྐྱེད་ཀྱིས་འགག་སྒྲོལ་དཀའ་སེལ་བྱས་ཏེ་དམངས་ཕན་གྱི་ཐོག་མའི་བསམ་འདུན་ཡིད་ལ་དམ་པོར་བཅངས་ནས། རྒྱུན་སྲིང་རྒྱུན་འཁྱོངས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་འགན་འཁྲི་ནན་ཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།དཔེ་བཟང་གི་སྟོབས་ཤུགས་དེ་བློ་སྟོབས་ཆེར་སྐྱེད་དང་ཞུམ་མེད་མདུན་སྐྱོད་ཀྱི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ། མཚོ་སྔོན་ལ་ཤེས་རྟོགས་དང་མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་གཏོང་བ་བཅས་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།