ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་དུས་ཐེངས་ལྔ་བའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་རའི་མ་ལག་རིག་མཛོད་མནའ་འབྲེལ་གྱི་རིག་གཞུང་གླེང་སྟེགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས25ཉིན། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་དང་དུས་ཐེངས་ལྔ་བའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་རའི་མ་ལག་རིག་མཛོད་མནའ་འབྲེལ་གྱི་རིག་གཞུང་གླེང་སྟེགས་དེ་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་བསྡུས། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་དང་། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་སོགས་ལས་ཁུངས་ཀྱི་ཆེད་མཁས་པ་མཉམ་གཅིག་ཏུ་འཛོམས་ནས། གླེང་སྟེགས་བརྗོད་དོན་ཐད་ནས་བགྲོ་གླེང་བྱས་ཤིང་། ཆེད་མཁས་པ8ཀྱིས་ཡིག་ངོས་བརྗེ་རེས་བྱས། 

ཚང་མའི་གཅིག་མཐུན་གྱིས་ཉེ་ལམ་བསྡུས་པའི་རྒྱལ་ཡོངས་དྲིལ་སྒྲོག་བསམ་བློའི་རིག་གནས་བྱ་བའི་གྲོས་ཚོགས་ཀྱིས་གྲུབ་འབྲས་གལ་ཆེན་ཞིག་ཡིན་ཞིང་། ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་མ་ལག་ཞིབ་བརྗོད་བྱེད་པ་དེ་བཏོན་པ་དང་། ཏང་གི་བསམ་བློའི་རིག་གནས་ལས་དོན་འཕེལ་རྒྱས་ཁྲོད་ཀྱི་ལོ་རྒྱུས་སྟེང་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་ཡིན། ཞི་ཅིན་ཕིང་གི་རིག་གནས་བསམ་བློར་རིག་གནས་གཞུང་ལུགས་ལྟ་བའི་ཐད་ཀྱི་གསར་གཏོད་དང་ཐོད་བརྒལ་ཡོད་པ་མ་ཟད། རིག་གནས་བྱ་བའི་བཀོད་སྒྲིག་ཐད་ཀྱི་བཀོད་སྒྲིག་བླང་བྱ་ཡོད་ལ། དུས་རབས་གསར་བའི་རིག་གནས་འཛུགས་སྐྲུན་གྱི་ལམ་ཐིག་རི་མོ་དང་ལས་འགན་ཡི་གེ་གསལ་བོར་བྱས་ཏེ། དུས་རབས་གསར་བའི་འཐབ་ལམ་གསར་བའི་བསམ་བློའི་རིག་གནས་དྲིལ་སྒྲོག་དང་། རིག་གནས་ལས་འགན་གསར་བ་ཕྲག་ཏུ་ལེན་པར་བསམ་བློའི་དྲག་ཆས་དང་། ཚན་རིག་གི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད་པར་འདོད། 

ཚང་མས་ངེས་པར་དུ་ཐེངས་འདིའི་གླེང་སྟེགས་གོ་སྐབས་སུ་བྱས་ཏེ། ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ་དང་། ནང་སྙིང་དང་ལག་ལེན་བླང་བྱ་ཕུན་ཚོགས་སུ་བཏང་ནས། བསླབ་པ་སྤྱོད་འཇུག་རྒྱུན་འཁྱོངས་དང་། ཟབ་སྤེལ་དང་ནང་བསྒྱུར། བསྒྱུར་བཅོས་ཐད་ཤུགས་སྣོན་དགོས། མུ་མཐུད་ནས་ཞི་ཅིན་ཕིང་གི་རིག་གནས་བསམ་བློའི་སློབ་སྦྱོང་དང་ཞིབ་འཇུག འགྲེལ་བཤད་ལ་ཤུགས་བསྣན་ནས། རིག་གནས་ལས་འགན་གསར་བ་ཕྲག་ཏུ་ལེན་པ་དང་། དུས་རབས་གསར་བའི་བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བའི་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་ཐད་སྔར་ལས་ཆེ་བའི་བྱས་རྗེས་འཇོག་དགོས་ཚུལ་བསྟན། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།