ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐབས་བཅོ་ལྔ་བའི་ཨུ་ཡོན་ལྷན་ཁང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་སྐབས་གསར་བའི་མགོ་ཁྲིད་རྩ་འཛུགས་བདམས་ཐོན་བྱུང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞིར་བདམས། ཝང་ཅིན་ཀྲའེ་དང་ཝང་ཆི། བུའུ་ཡིག་ཀྲིན། བུའུ་ཅན་ཅོན། ལིའུ་བན་ཕིན། ཡུས་ཆོན་ཀྲུའུ། མཱ་བུན་ཅོན། (ལས་འགན་གཅིག་ལྕོགས)ཧོས་དབྱིན།(ལས་འགན་གཅིག་ལྕོགས)ལིའི་ཧྥང་ཧྲི། (ལས་འགན་གཅིག་ལྕོགས)བཅས་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞིར་གཞོན་པར་བདམས། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་སྐབས་བཅོ་ལྔ་བའི་འགྲོ་གྲོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་། ཝང་དབྱི་མའེ་འགྲོ་གྲོན་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།