ཀྲུང་གོ་བོད་ཀྱི་དྲ་བ།

ཐེམ་ཆེན་རྫོང་གིས་ཁྱད་ལྡན་ཐོན་ལས་ཕྲེང་འབྲེལ་བསྐྲུན་ཏེ་གྲོང་གསེབ་དར་སྤེལ་བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཁྱད་ལྡན་ཐོན་ཁུངས་རིམ་སྤར་ལ་གཞི་ཚུགས་ནས། “ཁྱད་ཐོན་དངོས་རྫས”ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཐོན་ལས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་ཁྲིད་བྱས། 

“ཐོན་ལས་ཕྲེང་འབྲེལ”འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་ཐོན་ལས་རིམ་སྤར་ལ་སྐུལ་འདེད་བཏང་། 《ཐེམ་ཆེན་རྫོང་གི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་དཔེ་རིས》དང་། 《ཐེམ་ཆེན་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་གྱི་བྱ་བའི་ཇུས་གཞི》བཟོས་ནས། ལུག་ཤ་དང་སྐམ་ཤའི་ཐོན་རྫས་དང་། འོ་རྫས། ཁྱད་ལྡན་ཤ་མོ་བཅས་དང་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་ཀྱི་ཐོན་ལས་ཕྲེང་འབྲེལ་དབྱེ་ནས། ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་དང་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། ཀྲེ་ཅང་དང་ཉིང་པོའི་ཁ་གཏད་རོགས་སྐྱོར་གྱི་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ་དང་། གཏན་འཁེལ་གྱི་ཕྱུགས་འཚོང་ཚོང་ར་འཛུགས་པ། ལྗང་མདོག་ཐོན་རྫས་ཕྱིར་གཏོང་བྱེད་ནུས་ཆེ་རུ་གཏོང་བ། ཐོན་རྫས་བྲིན་འཚོང་ཐབས་ལམ་བཅས་རྒྱ་ཆེར་བཏང་ནས། ནུས་ཤུགས་ཡོད་རྒུས“ཐེམ་ཆེན་རི་བོ”དང་། “ཐེམ་ཆེན་ཕྱུགས་ཟོག”། “ཐེམ་ཆེན་བོད་ལུག”བཅས་ཀྱི་ས་ཁོངས་སྤུས་རྟགས་བཏོད་ནས། སྤུས་རྟགས་དྲིལ་སྒྲོག་གི་ཁྱབ་རྒྱ་ཆེ་རུ་བཏང་། 

“ཚོན་མདོག་སྣ་ལྔའི”ཐོན་ལས་སྐྱེད་སྲིང་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་། ཧུར་ཐག་གིས་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཀྱི་དཔེ་སྟོན་རྟེན་གཞི11དང་། སྐྱེ་ལྡན་སྐྱེ་ཁམས་ཕྱུགས་ར6། བོད་ལུག་དང་ཕྱུགས་ཟོག་རྒྱུད་བཟང་གསོ་སྤེལ་རྟེན་གཞི4། ཕྱུགས་ཟོག་ལྟེ་བའི་ཁྱུ་ཚོགས་གསོ་སྤེལ་རྟེན་གཞི1བཅས་བསྐྲུན་པར་སྐུལ་འདེད་བཏང་། ཞིང་ཆེན་ཕྱི་ནང་གི་བཟང་ཆ་ལྡན་པའི་ཁེ་ལས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤ་མོ་འདེབས་འཛུགས་རྟེན་གཞི་རྒྱ་ཆེར་བཏང་ནས། ཤ་མོ་ཐོན་སྐྱེད་གཞི་ཁྱོན་ཅན་དང་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། རིལ་མའི་ཐོན་ཁུངས་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་བ་དང་། སྐྱེ་ལྡན་ལུད་ཐོན་སྐྱེད་བྱེད་པའི་ཁེ་ལས་གོང་འཕེལ་བཏང་ནས། འདེབས་གསོ་ཟུང་འབྲེལ་དང་ཞིང་ཕྱུགས་འཁོར་སྐྱོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་བསྐྲུན། བཞོན་མའི་གསོ་ཚགས་རྟེན་གཞི་ཧུར་ཐག་གིས་འཕེལ་རྒྱས་གཏོང་བ་དང་། འོ་མའི་ཡོང་ཁུངས་ཀྱི་མཁོ་སྤྲོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས། “ཐེམ་ཆེན་གྱི་ཕྱུགས་ཟོག”ཟོང་རྟགས་བསྐྲུན། ནུས་ཁུངས་གསར་པའི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། ཀྲའོ་ཝ20ཡི་ཁ་ཐོར་རྣམ་པའི་རླུང་ཤུགས་གློག་འདོན་འཛུགས་སྐྲུན་བྱེད་པ་དང་། ནགས་རྩྭའི་ཐཱན་འདུས་མཉམ་ལས་གྲོས་མཐུན་བཞག་ནས། ནུས་ཁུངས་གསར་པ་འཕེལ་རྒྱས་གཏོང་བའི་འཆར་འགོད་བཟོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།