ཀྲུང་གོ་བོད་ཀྱི་དྲ་བ།

​འབྲི་ཆུའི་རིག་གནས་དུས་ཆེན་སྟེང་ཆུ་དམར་ལེབ་རྫོང་གིས་གཟུགས་འདས་ཤུལ་བཞག་རིག་གནས་ཏེ་འབྲོག་པའི་ཞབས་བྲོ་ཞེས་པ་འཁྲབ་སྟོན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས24ཉིན། གསར་འགོད་པས་ཤེས་གསལ་ལྟར་ན། ཆུ་དམར་ལེབ་རྫོང་གླུ་གར་ཚོགས་པས་འཁྲབ་སྟོན་བྱས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཞབས་བྲོ་སྟེ་འབྲོག་པའི་ཞབས་བྲོ་ཞེས་པ2023ལོའི་འབྲི་ཆུའི་རིག་གནས་དུས་ཆེན་གྱི་མགོ་ཚུགས་མཛད་སྒོའི་སྟེང་འཁྲབ་སྟོན་བྱས་ནས། ཡུལ་དངོས་ཀྱི་ལྟད་མོ་བས་གདེང་འཇོག་ཆེན་པོ་ཐོབ། 

2023ལོ་ནི་འབྲི་ཆུའི་རིག་གནས་དུས་ཆེན་སྤེལ་ནས་ལོ20འཁོར་བའི་ལོ་ཡིན་ཞིང་། སྐབས་འདིའི་འབྲི་ཆུའི་རིག་གནས་དུས་ཆེན་གྱིས“མཉམ་འདྲེས་དང་དར་སྤེལ། མཉམ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བཟུང་ནས། འབྲི་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)13དང་ཅང་སུའུ་གཙང་རྒྱུད་ཀྱི་གྲོང་ཁྱེར8མཉམ་འགུལ་བྱས་ཏེ།  གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་། རྩོམ་རིག་བྱ་དགའ་དཔྱད་བསྡུར། གླེང་སྟེགས་བགྲོ་གླེང་སོགས་ཀྱི་ངོ་མཚར་ཆེ་བའི་བྱེད་སྒོ20ལྷག་ཙམ་སྤེལ་བར་མ་ཟད། གཙང་པོའི་འབྲེལ་མཚམས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་འབྲི་ཆུའི་རིག་གནས་ཀྱི་མིང་བྱང་གསར་པ་གསལ་འདོན་བྱས་ནས་ཟླ11པར་སྤེལ་རྒྱུ་རེད།

ཤེས་གསལ་ལྟར་ན། ད་ལོའི་ཟླ4པར། འབྲོག་པའི་ཞབས་བྲོ་ཞེས་པ་དེ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ(ནན་ཉིང)ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་གཟའ་འཁོར་གྱི་བྱེད་སྒོར་ཞུགས་པ་དང་། རང་མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཆུ་དམར་ལེབ་རྫོང་གི་གླུ་གར་ཚོགས་པའི་འཁྲབ་སྟོན་པ་དང་མི་རིགས་ཁག་གི་སྤུན་ཟླ་ཚོས་མཉམ་དུ་འཁྲདབ་སྟོན་བྱས་པ་བརྒྱུད། ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལ་རོལ་མྱོང་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་རིག་རྩལ་ལས་རིགས་ཀྱི་ཚད་མཐོའི་གདེང་འཇོག་ཐོབ།  ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།