ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོ་ཁུལ་གྱིས་ལས་ཞུགས་སྤུས་ཚད་ཇེ་མཐོར་བཏང་སྟེ་མང་ཚོགས་ཀྱི་ལས་ཞུགས་ལ་ཁག་ཐེག་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་ཡོངས་ནས་ལས་ཞུགས་གཙོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སྲིད་ཇུས་དོན་འཁྱོལ་དང་ཞབས་ཞུ་དོན་འཁྱོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་ཞུགས་དང་ལས་གནས་བརྟན་བརླིང་ཡོང་བར་སྐུལ་འདེད་བྱེད་པའི་གཙོ་གནད་ཞིག་ཏུ་བཞག་ནས། རིགས་དབྱེ་བ་དང་གནད་ལ་འཁེལ་བའི་ཇུས་འདོན་རྒྱུན་འཁྱོངས་དང་།  གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལ་རོགས་སྐྱོར་བྱེད་པ། མུ་མཐུད་དུ་ལས་གཏོད་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་ལས་གཏོད་ལ་སྐུལ་ཁྲིད་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱུན་ཆད་མེད་པར་སྤྱི་པའི་ལས་ཞུགས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཁག་ཐེག་བྱས། 

མཚོ་ལྷོ་ཁུལ་གྱིས་ལས་ཞུགས་ཀྱི་གནས་བབ་ལ་དུས་ཐོག་ཏུ་དབྱེ་ཞིབ་དང་བརྡར་ཤ་བཅད་ནས། 《མཚོ་ལྷོ་ཁུལ་གྱི་ལས་ཞུགས་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་བྱ་སྤྱོད་ཇུས་གཞི》འགྲེམ་སྤེལ་བྱས་ཏེ། ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་བརྟག་དཔྱད་བྱས་པ་དང་། ཁུལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ཀྱི་གཞི་རྩའི་གནས་ཚུལ་དང་། ལས་ཞུགས་ལས་གཏོད་དང་གསོ་སྦྱོང་གི་རེ་འདུན་སོགས་ཕྱོགས་ཡོངས་ནས་རྒྱུས་ལོན་བྱེད་པ། སྤྱི་པའི་ལས་ཞུགས་ཞབས་ཞུ་དང་སློབ་ཆེན་སློབ་མའི་ལས་གཏོད་ལས་ཞུགས་སོགས་བཟོ་འགོད་རྣམ་གྲངས་བརྒྱད་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བའི་དུས་མཚུངས་སུ།  དུས་བཅད་ལྟར་ངལ་རྩོལ་ནུས་ཤུགས་སྣོན་འཕྲི་དང་ལས་ཞུགས་གནས་ཚུལ།  ལས་ཞུགས་དགོས་མཁོའི་ཆ་འཕྲིན་བཅས་འཚོལ་བསྡུ་བྱས་ནས་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དེ་ལས་ཞུགས་ལས་གནས་དང་།  ལས་རིགས་གསོ་སྦྱོང་།  གསར་གཏོད་ལས་གཏོད་བཅས་དང་འཚམ་པར་བྱས་ཏེ་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་གནད་ལ་འཁེལ་བར་མཐོར་འདེགས་སུ་བཏང་། 

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་།  ཡུལ་མི་ལས་བཟོ་བ། དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ཏེ། རྩལ་ནུས་མཐོར་གཏོང་དང་ལྟ་སྦྱོང་དངོས་སྦྱོང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་བརྒྱུད།“འདེམས་ཐོའི”རྣམ་པའི་གསོ་སྦྱོང་དང་ལས་གནས་གཏན་འཁེལ་གྱི་གསོ་སྦྱོང་བྱས་པ་རེད།   མིག་སྔར་ཀྲུང་གོའི་ལུགས་ཀྱི་ཟ་མ་གཡོས་སྦྱོར་དང་།  མཚོ་སྔོན་གྱི་འཚེམ་དྲུབ།  ཞིང་པའི་སྤྲོ་ཁྱིམ་ར་བ་སོགས་ལས་རིགས་མང་པོའི་གསོ་སྦྱོང་བྱས་པ་དང་།  མཚོ་ལྷོ་ཁུལ་གྱི་རྒྱལ་ཁབ་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་གྱི་རྩལ་ནུས་ཤེས་ལྡན་མི་སྣའི་དགོས་མཁོ་ལྟར། ཁྱོན་ཡོངས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་གི་ཆེད་དོན་གསོ་སྦྱོང་ཁྱོན་ཡོངས་ནས་སྤེལ་བ་རེད།  མུ་མཐུད་དུ་ལས་ཞུགས་ལྟ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་རྐྱེན་ཡོད་པའི་ཁེ་ལས་དང་བྱ་གཞག་སྡེ་ཁག་ལ་ལྟ་སྦྱོང་རྟེན་གཞི་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་།  ལས་ཞུགས་ལྟ་སྦྱོང་ལས་གནས་གསར་སྤེལ་བྱེད་པ།  རྩལ་ནུས་གསོ་སྦྱོང་ལ་སྔར་ལས་ཤུགས་སྣོན་བཅས་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད། །  

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།