ཀྲུང་གོ་བོད་ཀྱི་དྲ་བ།

ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་སྒྲུབ་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སངས་རྒྱས་སྐྱབས་ཀྱིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10ཚེས23ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་ཐུན་མོང་ཐོག་སྒྲུབ་འགན་འཁུར་བའི་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭར་སྒྲུབ་མགོ་ཚུགས་པ་དང་། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་ལས་བགོས་འགན་འཁུར་བློ་མཐུན་དང་། གྲོང་ཁྱེར་དང(ཁུལ)རྫོང(གྲོང་ཁྱེར་དང་ཆུས)ཁག་གི་ཏང་ཨུ་དང་སྲིད་གཞུང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན39ཡིས་གསོ་སྦྱོང་དང་ལེན་བྱས།

དུས་ཡུན་ཉིན5ཡིན་པའི་གསོ་སྦྱོང་འཛིན་གྲྭས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཟུང་འབྲེལ་བྱས་ནས། 2+0.5”ཡི་ཁྲིད་བཤད་རྐྱང་བ་དང་། མཉམ་འགུལ་བྱེད་སྟངས། ཡུལ་དངོས་སློབ་ཁྲིད། གྱོད་དཔེ་དབྱེ་ཁྲིད་སོགས་སློབ་ཁྲིད་བྱེད་སྟངས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་རྒྱུ་ཡིན་པ་རེད། ཁྲིད་ཚན་གྱི་ནང་དོན་གྲས་སུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་སློབ་སྦྱོང་ལག་བསྟར་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་མཚོ་སྔོན་དུ་ལག་ལེན་བསྟར་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལས་དོན་ཡག་པོར་བསྒྲུབས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།“ཐཱན་གཉིས”ཀྱི་སྲིད་ཇུས་མ་ལག་གི་འགན་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་མགྱོགས་པོ་གཏོང་བ། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་ཡོད། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཆེད་མཁས་པ་དང་མཁས་དབང་གདན་དྲངས་ནས་ཆེད་དོན་སློབ་ཚན་ཁྲིད། དུས་མཚུངས་སུ། སློབ་མས་རང་ཞིང་ཆེན་གྱི་ལྗང་མདོག་ཐཱན་ཉུང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཇི་ལྟར་མཐོར་འདེགས་གཏོང་བ་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་དཔྱད་བསྡུར་སྤེལ་རེས་བྱས། སློབ་སྦྱོང་དང་གསོ་སྦྱོང་བྱས་པ་བརྒྱུད་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་འདུ་ཤེས། ཤེས་བྱ། ཐབས་ཤེས། ཐབས་ལམ་བཅས་ཀྱི་ཤེས་རྟོགས་དང་ཇུས་ཐག་གཅོད་ནུས་སྔར་བས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ལས་སྒོའི་ཆུ་ཚད་མཐོར་འདེགས་བཏང་སྟེ། མཚོ་སྔོན་གྱིས་དུས་ལྟར་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་དམིགས་ཚད་མངོན་འགྱུར་བྱེད་པར་རིག་ལམ་དང་གྲོས་གཞི་བཏོན།  །

རྩོམ་སྒྲིག་པ། : སངས་རྒྱས་སྐྱབས།