ཀྲུང་གོ་བོད་ཀྱི་དྲ་བ།

གསེར་མདོག་གིས་བརྒྱན་པའི་ཁམས་ར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་གྱི་རྫོགས་ལྡན་དུས་ཚིགས་སླེབས་པ་དང་བསྟུན། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གིས་ཀྱང་ལོ་གཅིག་གི་ནང་ཆེས་མཛེས་པའི་དུས་ཚིགས་བསུས་ཤིང་། སྟོན་དུས་ཀྱི་ཁམས་རའི་ནགས་ཚལ་ཁ་དོག་རྣམ་པར་བཀྲ་བས་མཐོང་ལམ་མཛེས་པའི་རི་མོ་ཞིག་གྲུབ་ཡོད། མིག་གིས་ཟིན་ཚད་ལ་སྣུམ་གྱིས་ཚོན་བྱུགས་པ་འདྲ་ལ། གནམ་སྔོན་པོ་དང་སྤྲིན་དཀར་པོ་སྟེ་ཡོད་ཚད་གཡའ་དྭངས་བས་མི་ཡུལ་གྱི་ཁྱད་དུ་འཕགས་པའི་མཛེས་པ་ཞིག་མངོན་ཡོད། 

ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙན་ཚ་རྫོང་ཁམས་ར་གྲོང་རྡལ་ཁོངས་སུ་གནས་ཤིང་། ལྗོངས་ཁུལ་ནང་དུ་སྐྱེ་དངོས་རིགས800ལྷག་ཡོད་པ་ཚན་ཁག76ཁོངས་སུ་གཏོགས། ཤིང་སྡོང་གཙོ་བོ་སྟག་པ་དང་མཚོ་སྔོན་སྒྲོམ་ཤིང་། སྣུམ་གསོམ། སྦྱར་བ། ཡོ་འབོག་སོགས་ཡོད། འདིའི་སྒྲོམ་ཤིང་དང་སྣུམ་གསོམ་དུས་ཚིགས་བཞི་བོར་དབྱར་ཉམས་ལྡན་པ་དང་གྲང་ངར་ལ་མི་སྐྲག་པ། ས་གཤིས་ཞན་པར་བསྟུན་ཐུབ་པ་མ་ཟད་བྲག་རི་གཡང་གཟར་སྟེང་དུ་ཡང་རྩ་བ་རྒྱས་ནས་སྐྱེས་ཐུབ་པ་རེད། སྟག་པ་དཀར་པོའི་ཡལ་འདབ་མཛེས་ཤིང་སྡོང་ཤུན་དང་ཁ་མདོག་ཡག་པ། སྦྱར་བའི་རྣམ་པ་ངོ་མཚར་ཞིང་སྡོང་ལོ་ནི་དབྱར་ལྗང་སྟོན་སེར་ཡིན་པས། རྒྱུན་དུ་རི་མོ་འབྲི་མཁན་དང་པར་པ་ཚོའི་དམིགས་སར་གྱུར་ཡོད། ཡོ་འབོག་གི་ཤིང་དབྱིབས་གདུགས་དང་འདྲ་ཞིང་མཛེས་ཤིང་ཡིད་དུ་འོང་བས་རི་མགོ་དང་བྲག་རི་བརྒྱན་ཚེ་མཛེས་པ་ཚད་མེད་མངོན་བཞིན་ཡོད། །

1.png

སྟོན་དུས་ཀྱི་ཁམས་ར། 

2.png

སྟོན་དུས་ཀྱི་ཁམས་ར། 

3.png

སྟོན་དུས་ཀྱི་ཁམས་ར། 

4.png

སྟོན་དུས་ཀྱི་ཁམས་ར། 

1.png

སྟོན་དུས་ཀྱི་ཁམས་ར། 

2.png

བྲག་རིའི་མཛེས་ཉམས། 

3.png

བྲག་རིའི་མཛེས་ཉམས། 


རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།