ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་ནས་བཟུང་། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་གཞིགས་ནས། རྫོང་ཁོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
དཔའ་རིས་རྫོང་གིས་རྒྱུན་མཐུད་ངང་སྲིད་འཛིན་ཆོག་མཆན་གྱི་དོན་ཚན་སྟབས་བདེར་བཏང་སྟེ། དྲ་གཅིག་ཡོངས་སྒྲུབ་ཀྱི་རྣམ་པ་ཁྱབ་གདལ་བཏང་ནས། དྲ་ཐོག་ལས་སྒྲུབ་བྱེད་ཚད་དང་དོན་ཀུན་དྲ་ཐོག་ཏུ་སྒྲུབ་ཚད་སོ་སོར100%དང99.67%ལ་བསླེབས་ཡོད། གཙོ་གནད་ཁེ་ལས་དང་ལས་གཞིའི་དགོས་མཁོར་ཁ་གཏད་དེ། མ་དངུལ་མཉམ་འདྲེས་གྱི་དངུལ་བུན་དང་འཇོན་མི་ནང་འདྲེན། ལག་རྩལ་གསར་སྐྲུན། ཚོང་ར་སྒོ་འབྱེད་སོགས་ཀྱི་ཐད་ངེས་གཏན་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ཡིད་རྟོན་དངུལ་བུན་ཤུགས་ཆེན་པོས་ཁྱབ་གདལ་དུ་བཏང་ཞིང་། ཁེ་ལས་དུད་ཁྱིམ1075ལ་དངུལ་བུན་ཐེངས369དང་སྒོར་དུང་ཕྱུར37.7བསྐྱིས་པ་རེད། ནན་ཏན་གྱིས་འབྲེལ་གཏུག་དམ་འཛིན་འགན་ལེན་དང་ངེས་པར་ཏུ་འཚམ་འདྲི་བྱེད་པ་དྲུག་གི་ལམ་ལུགས་དངོས་འབེབས་བྱས་ཏེ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྲིད་གཞུང་དང་ཁེ་ལས་ཀྱི་སེམས་གཏམ་ཚོགས་འདུ་དང་ཁེ་ལས་པའི་སྣེ་ལེན་ཉིན་མོའི་བྱ་འགུལ་སྤེལ་བ་དང་། ཞུ་གཏུག་ཡར་ཞུ་ཐབས་ལམ་ཤར་གཏོང་བྱས་ཤིང་། ཁེ་ལས་སུ་མི་ཐེངས1841འཚམ་འདྲི་ལ་བསྐྱོད་དེ་རིགས་སོ་སོའི་གནད་དོན17ཐག་གཅོད་བྱས།
དཔའ་རིས་རྫོང་གིས་རྨང་གཞི་སྒྲིག་ཆས་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་གཞི་ཆེན་མོ102ལག་བསྟར་བྱས་ཤིང་། དེའི་ནང་ལས་གཞི64ལས་མགོ་བརྩམས་པ་དང་མ་དངུལ་སྒོར་དུང་ཕྱུར26.1ལེགས་འགྲུབ་བྱས། ལས་གཞི་གཅིག་ལ་ཇུས་གཞི་གཅིག་དང་གནད་དོན་གཅིག་ལ་ཇུས་ཆོད་གཅིག་གི་བྱེད་ཐབས་བརྒྱུད། བདེ་བླག་ངང་རྫོང་ཁོངས་འཕེལ་རྒྱས་ཀྱི་ངེས་གནས་དང་འཚམ་པའི་སྤུས་ལེགས་ལས་གཞི་སྐོར་ཞིག་ནང་འདྲེན་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར22.95དངོས་འབེབས་བྱས་ལ། དུས་མཉམ་ལས29.46%འཕར་ཡོད། །