ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁྱིམ་གཞིས་སྲུང་ནས་མཛེས་སྡུག་གི་ཁོར་ཡུག་བསྐྲུན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་གྱི་སྐྱེ་དངོས་སྣ་མང་རང་བཞིན་ཆེས་ཕུན་སུམ་ཚོགས་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། ཀན་ལྷོ་ཁུལ་གྱི་ཉེ་བའི་ལོ་འགའི་རིང་མུ་མཐུད་དུ་ཤུགས་བཏོན་ནས། འཚོ་སྡོད་བྱེད་ས་སྲུང་སྐྱོང་དང་རྒྱུད་སྤེལ་ཉེན་སྐྱོབ། སྐྱེ་ཁམས་ཞིག་གསོ་སོགས་ཀྱི་བྱེད་ཐབས་དངོས་སྐོར་ཞིག་བཏོན་ནས་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་ཞིབ་ཚགས་བྱས། ད་ལྟ། རྨ་ཆུའི་ཁུགས་སོ་ནས་ཐེ་བོའི་རྡོ་ར་བར་དང་། ཡིད་འོང་གི་མཚོ་ཉིན་ནས་མཛེས་སྡུག་གི་རྨ་ཆུའི་རླན་ས་བར། སྔར་ལས་མང་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་པོ་སྔ་རྗེས་སུ་མངོན་ཞིང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་དག་གཙང་གི་ཡུལ་གྲུ་འདི་རང་དབང་གི་འཚོ་ཞིང་གནས་པས། ཀན་ལྷོའི་ཁྱད་དུ་འཕགས་པའི་རང་བྱུང་གི་མཛེས་པ་དང་སྐྱེ་ཁམས་འགུག་ཤུགས་མངོན་པར་བྱས་ཡོད།

ཉེ་བའི་ལོ་འགའི་རིང་། ཀན་ལྷོ་ཁུལ་གྱིས་མུ་མཐུད་དུ་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་ལས་དོན་ལ་ཤུགས་བསྣན་ནས། སྔར་ཡོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་ལ་ཤུགས་སྣོན་དང་འཐུས་ཚང་དུ་བཏང་བ་མ་ཟད། ཧུར་ཐག་གིས་རི་སྐྱེས་སྲོག་ཆགས་ཀྱི་ཆེད་དམིགས་སྲུང་སྐྱོང་ས་ཁོངས་འཆར་འགོད་དང་རྒྱ་བསྐྱེད་བྱས། དུས་མཚུངས་སུ། ཤུགས་ཆེན་པོས་སྐྱེ་ཁམས་ཞིག་གསོ་བཟོ་འགོད་ལ་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་འགུལ་སྐྱོད་ཀྱིས་སྲུང་སྐྱོང་ཁུལ་ལ་ཚད་བརྒལ་གྱི་ཐེ་གཏོགས་བྱེད་པ་ཇེ་ཉུང་དུ་བཏང་བ་དང་། སྐྱེ་ཁམས་མ་ལག་སླར་གསོ་ལག་རྩལ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་སྲུང་སྐྱོང་ཁུལ་གྱི་ཆ་ཚང་རང་བཞིན་དང་གཅིག་གྱུར་ཅན་གྱི་འཛུགས་སྐྲུན་ལ་འབད་བརྩོན་བྱས། སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་བསྟུན། རི་སྐྱེས་སྲོག་ཆགས་ཀྱི་རིགས་སྣ་དང་གྲངས་ཀ་སླར་གསོ་རང་བཞིན་གྱི་འཕེལ་བ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་གསོན་ཉམས་ལྡན་པའི་རི་མོ་ཞིག་གྲུབ་ཡོད།

མིག་སྔར། ཀན་ལྷོ་ཁུལ་ཡོངས་ཀྱི་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་རིགས145ཡོད། དོམ་ཁྲ་དང་གསའ། སྤྲེའུ་སྤུ་སེར། ཁྲུང་ཁྲུང་སྐེ་ནག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རིགས32གནས་འདིར་འཚོ་སྡོད་བྱེད་པ་དང་། གཞན་ཡང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་རིགས113ཡོད། མ་འོངས་པར། ཀན་ལྷོ་ཁུལ་གྱིས་མུ་མཐུད་དུ་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་དང་མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཀན་ལྷོ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱས་ཏེ། སྔར་ལས་ཆུ་ཚད་མཐོ་བའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དཔེ་མཚོན་འཛུགས་སྐྲུན་བྱེད་པར་ཁ་ཕྱོགས་ནས་གོམ་སྟབས་བརྟན་པོ་སྤོ་རྒྱུ་རེད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།