ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་གྱིས་མགྱོགས་མྱུར་ངང་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ཕན་འབྲས་མངོན་གསལ་ཐོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2025-08-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སྟོད་དུ་ཀན་སུའུ་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་གཞི་ཁྱོན་སྒོར་དུང་ཕྱུར393.22ཟིན་པ་དང་དུས་མཉམ་ལས18.44%འཕར་ཡོད།

ཉེ་ཆར་གསར་འགོད་པས་ཀན་སུའུ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་གསལ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཞིང་ཆེན་གྱིས་ཀྲུང་ལུགས་གསོ་རིག་སྨན་རྫས་དེང་རབས་ཅན་གྱི་ཐོན་ལས་མ་ལག་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་ནས། ཀྲུང་ལུགས་གསོ་རིག་སྨན་རྫས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 2024ལོར་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་གཞི་ཁྱོན་སྒོར་དུང་ཕྱུར972ཟིན་ནས2021ལོ་ལས་སྒོར་དུང་ཕྱུར414འཕར་བ་དང་། ལོ་རེའི་ཆ་སྙོམས་འཕར་ཚད20%ལས་བརྒལ་ནས་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་མངོན་ཡོད། 2025ལོའི་ལོ་སྟོད་དུ། ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོའི་གཞི་ཁྱོན་སྒོར་དུང་ཕྱུར393.22ཟིན་པ་དང་། དུས་མཉམ་ལས18.44%འཕར་བ་དང་། ལོ་ཧྲིལ་པོར་སྒོར་དུང་ཕྱུར་སྟོང་གི་འགག་སྒོ་ལས་བརྒལ་བའི་རེ་བ་ཡོད།

ཀན་སུའུ་ནི་རྒྱལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཀྱི་རྒྱུ་ཆ་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱིས་ཐོན་ཡུལ་སྨན་རྫས་ཀྱི་རིགས་སྣ་འབུར་དུ་བཏོད་པ་དང་། ཐོན་ཁུངས་སྟོབས་ཤུགས་གཅིག་སྡུད་བྱས་ཏེ།“སོན་རིགས་སྤུས་ལེགས་གསོ་སྐྱོང་དང་སྤུས་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གསར་སྐྲུན། ཚད་ལྡན་ཅན་གྱི་ཐོན་སྐྱོན”བཅས་ལ་སྐུལ་འདེད་བཏང་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི508ཡིན་པ་དང་ཚད་ལྡན་ཅན་དུ་འགྱུར་བའི་ཚད66%ཟིན་ནས། GAPརྟེན་གཞིའི་གཞི་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཡན་ཟིན་ཡོད། 

ཀན་སུའུ་ཞིང་ཆེན་གྱིས་ལེགས་ཆའི་ས་ཁོངས་བཀོད་སྒྲིག་ཚན་རིག་དང་མཐུན་པར་འཆར་འགོད་བྱས་ཏེ། ཤར་ལྷོ་གཙོ་བོར་བྱས་པའི་ས་རྒྱུད་ཀྱི་སྨན་རྫས་ཐོན་ལས་རྒྱུད་དང་། ཀན་ལྷོ་གཙོ་བོར་བྱས་པའི་བོད་སྨན་ཐོན་ལས་རྒྱུད། རྨ་ནུབ་ཁྱམས་ར་གཙོ་བོར་བྱས་པའི་ཁྱད་ལྡན་སྨན་རྫས་ཐོན་ལས་རྒྱུད་བཅས་འཛུགས་སྐྲུན་བྱས་ཏེ། ཀྲུང་ལུགས་སྨན་རྫས་འདེབས་འཛུགས་རྟེན་གཞི་ཅན་དང་གཞི་ཁྱོན་ཅན། གཅིག་སྡུད་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཀན་སུའུ་ཞིང་ཆེན་གྱིས་སྤུས་ལེགས་སྨན་རྫས་ཁུངས་ཀྱི་རྟེན་གཞིའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་། ཀྲུང་ལུགས་སྨན་རྫས་ཐོན་ལས་ལྗང་མདོག་འཕེལ་རྒྱས་ཀྱི་ཚད་གཞིའི་མ་ལག་གསར་འཛུགས་དང་འཐུས་ཚང་དུ་བཏང་སྟེ། ལྕ་བ་དང་ཀླུ་མདུད་རྡོ་རྗེ། སྲད་དཀར། རམས་རྩ། ཤིང་མངར་། འདྲེ་ཚེར་མ་སོགས་ཀྲུང་ལུགས་སྨན་རྫས་ལེགས་ཆའི་རྫོང་དང་ཆུས་གཙོ་གནད་དུ་བཟུང་སྟེ། ཚད་ལྡན་ཅན་གྱི་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་ཁྱབ་གདལ་བཏང་ནས། ཀྲུང་ལུགས་སྨན་རྫས་ཀྱི་འགག་རྩའི་ལྷུ་ཚིགས་ཀྱི་ཆ་སྡེབ་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ལེགས་བཅོས་མུ་མཐུད་དུ་སྤེལ་བ་དང་། རི་མ་ཐང་དང་རི་ཁུལ་དུ་འཚམ་པའི་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་ཚད་ལྡན་ཅན་གྱི་འདེབས་འཛུགས་ཁུལ་མུའུ་ཁྲི་བརྒྱ་བསྐྲུན་ཏེ་ཞིང་ཆེན་ཡོངས་ཀྱི་ཀྲུང་ལུགས་སྨན་རྫས་ཚད་ལྡན་ཅན་གྱི་འདེབས་འཛུགས་ཚད70%ཡན་ལ་སྐུལ་ཁྲིད་བྱས་ཡོད། 

ཞིང་ཆེན་ཡོངས་ཀྱིས་ཀྲུང་ལུགས་སྨན་རྫས་ཀྱི་ཐོག་མའི་ལས་སྣོན་དང་ཞིབ་ཚགས་ལས་སྣོན་བྱེད་པའི་ཁེ་ལས་ནང་འདྲེན་དང་གསོ་སྐྱོང་ཤུགས་ཆེན་བྱས་པ་དང་། བྱ་དགའ་དང་ཁ་གསབ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱིས་ཀྲུང་ལུགས་སྨན་རྫས་ཞིབ་ཚགས་ལས་སྣོན་དང་ལག་རྩལ་གསར་པ། ཐོན་རྫས་གསར་པའི་ཞིབ་འཇུག་གསར་སྤེལ་བྱེད་པར་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ཏེ། སྨན་ཟས་འབྱུང་ཁུངས་གཅིག་པའི་ཀྲུང་ལུགས་སྨན་རྫས་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། ཁྱད་ཆོས་མངོན་གསལ་དོད་པོ་དང་རིགས་ཕུན་སུམ་ཚོགས་པའི་ཀྲུང་ལུགས་སྨན་རྫས་ཀྱི“ཀན་སུའུ་བྲོ་བའི”སྤུས་རྟགས་བསྐྲུན་ནས། ཀྲུང་ལུགས་སྨན་རྫས་ཀྱི་ཐོན་ལས་ཕྲེང་འབྲེལ་སྔར་ལས་ཇེ་རིང་དུ་བཏང་སྟེ། ཀྲུང་ལུགས་སྨན་རྫས་ཐོན་ལས་ཀྱི་རིན་ཐང་ཕྲེང་འབྲེལ་ཇེ་མཐོར་འགྲོ་བར་སྐུལ་ཁྲིད་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།
རྩོམ་སྒྲིག་འགན་ཁུར་བ། : རྡོ་རྗེ་བསམ་འགྲུབ།