ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱིས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-03-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྨ་ཆུ་རྫོང་ཉི་མ་གྲོང་རྡལ་གྱི“གནམ་འོག་གི་རྨ་ཆུའུ་ཁུགས་སོ་དང་པོའི”ལྗོངས་གཟིགས་སྟེགས་བུ་སྟེང་ལངས་ནས་གཟིགས་དུས་རྨ་ཆུ་ནི་དངུལ་མདོག་གི་ཁ་བཏགས་ཞིག་དང་འདྲ།

རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་ཡིན་པའི་ཆ་ནས། ཀན་ལྷོ་རུ་མི་རབས་ནས་མི་རབས་ཀྱིས་རྒྱུན་མཐུད་འབད་བརྩོན་བརྒྱུད་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་བཞིན་ཡོད།

ལག་ཏུ་འཁལ་འཐག་ཁུག་མ་དང་ལྕགས་ཁྱེམ་བཟུང་ནས་གད་སྙིགས་འཐུ་བཞིན་པ་སྟེ་རྨ་ཆུ་རྫོང་དངུལ་རྭ་ཤང་གི་འབྲོག་མི་སྒྲོལ་མ་སྐྱབས་ཀྱིས་མི་རྣམས་ལ་ཤུགས་རྐྱེན་ཐེབས་སུ་བཅུག

2003ལོ་ནས་བཟུང་སྒྲོལ་མ་སྐྱབས་མ་ཡུམ་ཆུ་བོ་སྲུང་སྐྱོང་བྱེད་པའི་ལས་དོན་ནང་ཞུགས་ནས་གད་སྙིགས་འཐུ་མགོ་བརྩམས་པས་མ་ཡུམ་ཆུ་བོ་སྲུང་། ལོ་ངོ20རིང་གི་དུས་ཚོད་ནང་དུ་སྒྲོལ་མ་སྐྱབས་ཀྱིས་ཁོར་ཡུག་གཙང་སྦྲའི་དང་བླངས་རུ་ཁག་ཅིག་བཙུགས་ནས་རྒྱ་ཆེའི་འབྲོག་པ་མང་ཚོགས་དང་མཉམ་དུ་ཕ་ཡུལ་གྱི་རི་སྔོ་ཆུ་དྭངས་སྲུང་པ་རེད།

“ང་ཚོས་རྨ་ཆུའི་ཆུ་འཐུང་ནས་ནར་སོན་པ་ཡིན་པས། ངའི་རེ་བ་ནི་རྨ་ཆུའི་ཆུ་བོ་གཙང་ཤིང་དྭངས་པ་དེ་ཡིན་པས། རང་གི་ནུས་བ་འདོན་དགོས”ཞེས་སྒྲོལ་མ་སྐྱབས་ཀྱིས་བརྗོད།

ད་ལྟ། སྒྲོལ་མ་སྐྱབས་ཀྱིས་རྨ་ཆུའི་ཅཱང་ཏའོ་ལུད་རྫས་ལས་སྣོན་ཚད་ཡོད་ཀུང་སི་བཙུགས་ནས། ནོར་ལུག་གི་སྐྱེ་ལྡན་ལུད་རྫས་ལས་སྣོན་ཐོན་ལས་འཕེལ་རྒྱས་སུ་བཏང་ཞིང་། ཀུང་སི་ཡིས་ཉིན་རེར་སྐྱེ་ལྡན་ལུད་རྫས་ཏུན300ཐོན་སྐྱེད་བྱས་པ་དང་། ལོའི་ཐོན་སྐྱེད་ཚད་ཏུན10ཟིན་ནས་དཔལ་འབྱོར་ཕན་ནུས་དང་སྐྱེ་ཁམས་ཕན་ནུས་ཕྱོགས་གཉིས་མངོན་འགྱུར་བྱུང་། 

རྨ་ཆུ་བཅོས་སྐྱོང་གཙོ་བོ་སྲུང་སྐྱོང་ལ་ཐུག་ཡོད། མི་རབས་ནས་མི་རབས་ཀྱི་ཀན་ལྷོ་པས་སྟོད་རྒྱུད་འགན་འཁྲི་ཕྲག་ལ་ཁུར་ནས་ལྗང་མདོག་གི་རྨང་གཞི་སྲུང་པ་དང་། གཏིང་ཟབ་པའི་ངང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་དང་སྲུང་སྐྱོང་ལ་སྐུལ་འདེད་བཏང་ནས་ཕན་འབྲས་ཐོན། རྩྭ་ཐང་བྱེ་འགྱུར་ཞན་འགྱུར་ལ་ནུས་ལྡན་གྱི་བཀག་འགོག་ཐོབ་ཅིང་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆུ་སྲུང་བ། གཙང་ཆུའི་འབབ་རྒྱུད་ཀྱི་གསོག་སྒྲིག་ནུས་བ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ། ཆུ་ཁུངས་གསོ་སྐྱོང་དང་སྐྱེ་ཁམས་ནུས་བ་ཕན་འབྲས་ལེགས་པོ་ཐོབ་པ། རྩྭ་ཐང་ཕྱུགས་ལས་རྣམ་སྒྱུར་འཕེལ་རྒྱས་རྩྭ་ཐང་ལྗང་མདོག་ཇེ་མང་དང་འབྲོག་མི་འབབ་འཕར་བྱུང་ནས་ཀན་ལྷོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྨང་གཞི་སྔར་ལས་སྲ་བརྟན་དུ་གྱུར།

2023ལོར། ཀན་ལྷོ་ཁུལ་གྱིས་ཀན་ལྷོའི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཙོ་བོར་བཟུང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞིབ་བཤེར་གནད་དོན་དག་ཐེར་ལེགས་བཅོས་གཙོ་བོ་བྱས་ནས་གཏིང་ཟབ་སྒོས་འབག་བཙོག་འགོག་བཅོས་མཁྲེགས་གཏོར་དམག་འཐབ་རྒྱབ་ནས་ཐཱན་དམའ་གཏོང་དང་འབག་ཉུང་གཏོང་། ལྗང་སྒྱུར། འཕར་སྣོན་བཅས་དང་མཐུན་སྦྱོར་བྱས་པས་ཀན་ལྷོ་ཁུལ་གྱི་ཁོར་ཡུག་སྤུས་ཚད་བརྟན་བརླིང་ངང་ལེགས་སུ་ཕྱིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐད་ཕན་འབྲས་ཡག་པོ་བླངས་ཡོད།

རྨ་ཆུ་ཟམ་ཆེན་གྱི་ཤར་ཕྱོགས་སུ་ལངས་དུས་མིག་ལམ་དུ་མངོན་པ་ནི་མུའུ2000གི་ནགས་ཚལ་གྱིས་གྲུབ་པའི་སྐྱེ་ཁམས་སྲུང་ཡོལ་ཡིན། “གནས་འདི་ནི་སྔོན་ཆད་མཚོ་ཚད་སྨི10ལྷག་གི་བྱེ་སྒང་ཡིན་ལ། ང་ཚོས་བྱེ་སྒང་བཅོས་སྐྱོང་དང་ས་འགེབས་པ། སྡོང་ཐུང་དང་ལྕང་སྡོང་སོགས་ཀྱི་སྐྱེ་དངོས་བཙུགས་པ་བརྒྱུད། བྱེ་འགོག་བྱེ་བརྟན་དང་ཆུ་ཁུངས་གསོ་སྐྱོང་མངོན་འགྱུར་བྱུང་ནས་རྨ་ཆུ་ནང་འབབ་པའི་བྱེ་མ་ཉུང་དུ་ཕྱིན”ཞེས་རྨ་ཆུ་རྫོང་གི་རང་བྱུང་ཐོན་ཁུངས་ཅུའུ་ཡི་མཐོ་རིམ་བཟོ་བཀོད་མི་སྣ་མཱ་ཅན་ཡོན་གྱིས་དེ་ལྟར་བརྗོད།

2024ལོའི་ལོ་མགོར། ཀན་ལྷོ་ཁུལ་གྱིས་མཐུན་སྒྲིལ་འཆར་མཐུན་དང་རི་ཀླུང་མཛེས་པ། ལས་གཞིས་འདེགས་སྐྱོར། ལྗང་མདོག་འཕེལ་རྒྱས། དམངས་འཚོ་བདེ་སྐྱིད། བློ་སེམས་གཅིག་སྒྲིལ་གྱི“གཙོ་གནད་དྲུག”བཟུང་ནས། བརྟན་བརླིང་ངང་གསར་སྤེལ་ཆེན་མོ་དང་། འགྲིམ་འགྲུལ་ཚབ་བརྒལ་ཆེན་མོ། ཐོན་ལས་ཕན་འབྲས་ཆེན་མོ་ཐོབ་པ། དམངས་འཚོར་ལེགས་བཅོས་ཆེན་མོ་བྱེད་པ། རྣམ་འགྱུར་ལ་འགྱུར་ལྡོག་ཆེན་མོ་བྱུང་བ་བཅས་ཀྱི“འགུལ་སྐྱོད་དྲུག”ལག་བསྟར་བྱས་པ་བརྒྱུད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བའི་སྔོན་འགྲོ་ཁུལ་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ནས། སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།

“ད་ལོར་ང་ཚོས་མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་ཞན་འགྱུར་ནགས་ཚལ་སླར་གསོ་དང་། རི་བཀག་ནགས་གསོ། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་ཐད་གཙོ་གནད་ཁྱབ་ཁོངས་སྐྱེ་ཁམས་ལས་གཞི་ཐད་སྤྱད་དེ་ནགས་ཚལ་རྩྭ་ཐང་བརླན་སའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མུ་མཐུད་དུ་ཐེ་བོ་དང་འབྲུག་ཆུའི་ཆུ་ཁུངས་གསོ་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སླར་གསོ་ལས་གཞི་ལག་བསྟར་བརྒྱུད། འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ནུས་བ་མཐོ་རུ་བཏང་། གཞན་ཡང་ནགས་ལས་རྩྭ་ཐང་ཐཱན་འདུས་གསར་སྤེལ་བྱས་ནས་འཕྲེད་ཕྱོགས་སྐྱེ་ཁམས་ཁ་གསབ་ལམ་ལུགས་ལག་བསྟར་གྱིས་ཞིང་ཆེན་ནང་ཁུལ་སྟོད་སྨད་རྒྱུད་གྲོང་ཁྱེར་དང་ཁུལ་བར་ནས་ཁ་གསབ་གན་རྒྱ་འཇོག་པར་སྐུལ་འདེད་བྱས། ནགས་རྩྭ་སོན་རྒྱུ་ཐོན་ཁུངས་ཡོངས་ཁྱབ་རྩད་ཞིབ་ཐོག་མ་ལེགས་འགྲུབ་ཟིན་པ་མ་ཟད། འབྲི་ཆུ་ནང་ལོ་བཅུའི་རིང་ཉ་སོགས་འཛིན་མི་ཆོག་པ་དང་། རྨ་ཆུ་ནང་དུ་ལོ་ལྔ་ལ་ཉ་འཛིན་མ་ཆོག་པའི་སྒྲིག་ལམ་བཙུགས་ཡོད”ཅེས་ཀན་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཅུའུ་ཀྲང་ལའོ་ཡོན་ཁྲེང་གིས་དེ་ལྟར་བརྗོད། །


 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།