ཀྲུང་གོ་བོད་ཀྱི་དྲ་བ།

“འཛམ་གླིང་གི་བོད་ཀྱི་རིག་གཞུང་གླིང”བླ་བྲང་དགོན་པའི་བོད་ཀྱི་དཔེ་རྙིང་ཤོག་ལེ་ཁྲི6.8ལྷག་ལ་ཚགས་འཛུགས་བྱང་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2024-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “འཛམ་གླིང་གི་བོད་ཀྱི་རིག་གཞུང་གླིང”ཞེས་མཚན་སྙན་ལྡན་པའི་བླ་བྲང་དགོན་དུ་གྲངས་འཛིན་ཅན་གྱི་འཕེལ་རིམ་ལ་ཉེ་བའི་ལོ་ཤས་རིང་མི་རྣམས་ཀྱི་ཐུགས་ཁུར་ཐོབ་པ་དང་། བླ་བྲང་དགོན་རིག་དངོས་དོ་དམ་ཨུ་ཡོན་ལྷན་ཚོགས་ཀྱི་ཁོངས་མི་དགེ་འདུན་བསྟན་པས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་དུས་མིག་སྔར་མཛོད་ཉར་དཔེ་རྙིང་ཤོག་ལེ་ཁྲི6.8ལ“དཀར་ཆག་སྒྲིག་པ་དང་ཚགས་འཛུགས”བྱེད་བཞིན་ཡོད་པས་གྲངས་འཛིན་ཅན་གྱི་རིག་དངོས་སྲུང་སྐྱོང་ཐད་རྨང་གཞི་འཛུགས་བཞིན་ཡོད་ཅེས་བསྟན།


འདི་ནི་ཟླ2པོའི་ཚེས1ཉིན་དགེ་འདུན་བསྟན་པ་ཡིས་བོད་ཀྱི་ཆོས་དཔེ་ཐོག་གི་དཔེ་རྙིང་སྟོན་བཞིན་པའི་ཚུལ་རེད།

“ཐེངས་འདིའི་དཔེ་རྙིང་ལེགས་སྒྲིག་ལས་དོན2000ལོར་མགོ་བརྩམས་ཤིང་། དགོན་པའི་བཙུན་པ30ལྷག་ལས་དོན་དེ་ནང་ཞུགས་པས་ལོ་རེར་བསྡོམས་པས་ཟླ4རིང་གི་དུས་ཚོད་བེད་སྤྱད་དེ་ལེགས་སྒྲིག་བྱེད་བཞིན་ཡོད”ཅེས་དགེ་འདུན་བསྟན་པས་ངོ་སྤྲོད་བྱས། ཁོང་གིས་ཐེངས་འདིར་རིམ་པ་དང་རིགས་བཀར་ནས་དཔེ་རྙིང་མཛོད་ཉར་བྱེད་པ་མ་ཟད།  “ཆེད་སྒྲོམ”དོ་དམ་གྱིས་དཔེ་རྙིང་རྩ་ཆེན་མཛོད་ཉར་བྱས་པས་བོད་བརྒྱུད་ནང་བསྟན་སྐོར་གྱི་དཔེ་རྙིང་རྩ་ཆེན་ལ་སྲུང་སྐྱོང་ཡག་པོ་ཐོབ་ཐུབ་པ་རེད་ཟེར།

བོད་ཀྱི་ཆོས་དཔེ་ཐོག་ཁང་ནི་བླ་བྲང་དགོན་གྱི་སྲུང་སྐྱོང་དང་རྒྱུད་འཛིན་རིན་ཐང་ལྡན་པའི་དཔེ་མཛོད་ཕོ་བྲང་ལྟ་བུ་ཡིན་ལ། དེ་ནང་བོད་བརྒྱུད་ནང་བསྟན་སྐོར་གྱི་དཔེ་རྙིང་རྩ་ཆེན་དང་གསོ་རིག གསལ་བསྒྲགས་རིགས། སྐད་བརྡ་རིག་པའི་རིགས། ཚིག་རྒྱན་རིགས། སྒྲ་དབྱངས་རིགས། གནམ་དཔྱད་སྐར་རྩིས་རིགས་བཅས་ཀྱི་དཔེ་རྙིང་ཉར་ཚགས་བྱས་ཡོད། གསེར་ཆུ་དང་དངུལ་ཆུ། བྱུ་རུ། མུ་ཏིག་སོགས་ཀྱི་རིན་པོ་ཆེ་རྩ་ཆེན་གྱིས་བྲིས་པའི་ཆོས་དཔེ་གསུང་རབ་ཡོད་པ་མ་ཟད། གོས་སྐུད་ཀྱིས་གཙགས་པའི《དགེ་བའི་མདོ》མཛོད་ཉར་བྱས་ཡོད་པས་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་རིང་ཉར་བའི་དཔེ་རྙིང་རྩ་ཆེན་ཡིན།


འདི་ནི་ཟླ2པོའི་ཚེས1ཉིན་པར་བླངས་བའི་བླ་བྲང་དགོན་པའི་བོད་ཀྱི་ཆོས་དཔེ་ཐོག་ཁང་ནང་ཉར་ཚགས་བྱས་ཡོད་པའི་དཔེ་ཆ་ཡིན།

དགེ་འདུན་བསྟན་པས་ངོ་སྤྲོད་ལྟར་ན། བོད་ཆོས་ཐོག་ཁང་གི་དཔེ་རྙིང1958ལོར་བྱེ་བྲག་གིས་ལེགས་སྒྲིག་ཐོག་མ་བྱས་པ་མ་ཟད《བླ་བྲང་དགོན་གྱི་སྤྱིའི་དཀར་ཆག》སྒྲིག་ནས་མི་རབས་རྗེས་མར་ཉར་ཚགས་དང་ཞིབ་འཇུག་བྱེད་ཐུབ་པར་སྟབས་བདེ་བསྐྲུན། ཡིན་ཡང་རྗེས་སུ་དཔེ་རྙིང་ཆ་ཤས་ཤོར་ཞིང་ད་ཡོད་དཔེ་རྙིང་ཚོ་བ་སོ་སོ་དང་གྲོང་ཚོ། དགོན་པ་སོགས་ནས་འཚོལ་བསྡུ་བྱས་པ་ཡིན་ཟེར།

སྔར་ལས་ལྷག་པའི་ངང་བོད་ཀྱི་དཔེ་རྙིང་སྲུང་སྐྱོང་བྱ་ཆེད། བླ་བྲང་དགོན་གྱིས་ཆེད་དུ་དཔེ་རྙིང་ཆེད་སྤྱོད་མཛོད་ཁང་དང་ཆེད་ལས་འགན་ཁུར་བཙུན་པ་བཀོད་སྒྲིག་བྱས་ནས་སྲུང་སྐྱོང་དང་། དཔེ་རྙིང་ལེགས་སྒྲིག་དང་དཔེ་རྙིང་སླར་གསོ་སོགས་ཀྱི་ལས་དོན་སྒྲུབ་དུ་བཅུག གསར་འགོད་པ་ཟླ2པའི་ཟླ་མགོར་བོད་ཆོས་ཐོག་ཁང་དུ་བསྐྱོད་དུས་བསྡོམས་པས་ཐོག་ཁང་རིམ་པ་གསུམ་ནང་དུ་དཔེ་སྒྲོམ་དང་དཔེ་རྙིང་སྒྲིག་ཡོད་པ་དང་། ཐོག་བརྩེགས་དང་པོ་དང་གཉིས་པར་ཚགས་འཛུགས་བྱས་མེད་པའི་དཔེ་རྙིང་ཉར་ཡོད། ཐོག་བརྩེགས་གསུམ་པར་བརྡ་སྤྲོད་རིག་པའི་རིགས་དང་དོན་འདྲའི་ཚིག་མཛོད་རིགས། བཟོ་རྩལ་རིགས་ཉར་ཡོད་པ་མ་ཟད་ཨང་གྲངས་དང་ཤོག་ངོས་ཤོར་བའི་གནས་ཚུལ་གསལ་བོར་བཀོད་ཡོད།

བླ་བྲང་དགོན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གནས་ཤིང་ད་ལྟའི་བར་དུ་ལོ་ངོ་སུམ་བརྒྱའི་ལོ་རྒྱུས་ལྡན་པས་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་དགོན་པའི་གྲས་ཤིག་ཡིན། ཀྲུང་གོའི་བོད་ཀྱི་ཆོས་དཔེ་ཆེས་མང་ཞིང་རིག་གཞུང་ཆུ་ཚད་ཆེས་མཐོ་བ། མཁས་དབང་ཆེས་མང་བ་བྱུང་སའི་བོད་བརྒྱུད་ནང་བསྟན་དགོན་པ་ཡིན། 1982ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་རིག་དངོས་སྲུང་སྐྱོང་སྡེ་ཚན་གལ་ཆེན་དུ་གཏན་འཁེལ་བྱས། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།