ཀྲུང་གོ་བོད་ཀྱི་དྲ་བ།

​“སྡེ་བའི་དགོང་ཚོགས”ཤིག་གི་སྔོན་རྗེས་བར་གསུམ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། ཅི་ཧྲི་ཧྲན་དུ་ས་ཡོམ་རིམ་པ6.2བརྒྱབ་རྗེས། ཀན་སུའུ་ཞིང་ཆེན་ཅི་ཧྲི་ཧྲན་རྫོང་གི་གནོད་ཐེབས་མང་ཚོགས་ལྔ་ཁྲི་བརྒྱད་སྟོང་ལྷག་ཙམ་སྟབས་བདེའི་ཁང་པའི་ནང་སྤོས། འཆར་གཞི་ལྟར་ན། ད་ལོའི་ཟླ10པའི་ཟླ་མཇུག་སྔོན་དུ། གྲོང་མིའི་སྡོད་ཁང་གི་སླར་གསོ་བསྐྱར་སྐྲུན་ལས་དོན་ཚང་མ་ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།

ཚེས30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ། ཤའོ་ཧུང་ཕིང་གྲོང་ཚོའི་སྟབས་བདེའི་ཁང་པའི་ནང་དུ“སྡེ་བའི་དགོང་ཚོགས”ཞིག་གཉེར། མཚན་མོར་གནམ་གཤིས་འཁྱགས་པས། འཁྲབ་སྟོན་ཕྱི་དྲོར་བཀོད་སྒྲིག་བྱས་ཡོད། དེ་རྗེས་ཀྱི་ལོ་ཆུང་དང་ལོ་གསར་གནམ་གང་ཉིན“སྡེ་བའི་དགོང་ཚོགས”དེ་མུ་མཐུད་བཀོད་སྒྲིག་བྱ་ཡུལ་དུ་འཁྲབ་སྟོན་ཐེངས་མང་བྱ་རྒྱུ་རེད།

“སྡེ་བའི་དགོང་ཚོགས”གཉེར་བའི་བསམ་པ་དེ་ཆེས་ཐོག་པར་ཤའོ་ཧུང་ཕིང་གྲོང་ཚོའི་ཏང་ཀྲུ་པུའུ་ཧྲུའུ་ཅི་ཧྥན་ཞེ་ཁྲོན་གྱིས་བཏོན་པ་དང་། ཞིང་འདེབས་གླུ་གཞས་ལེན་ཤེས་བའི་སི་ཧྲི་ཧྲི་ཀྲང་ཀྲང་ཁྲིན་ཡོན་མིང་ཐོ་འགོད་མཁན་ཨང་དང་པོ་དེ་རེད།

མིག་སྔར། ཅི་ཧྲི་ཧྲན་ས་ཡོམ་གནོད་ཐེབས་དཔྱད་དཔོག་གྲུབ་ཟིན་པ་དང་། གནོད་སྐྱོན་ཚབས་ཆེ་བའི་ཁང་བ་མྱུར་དུ་ཞིག་དགོས། ཤའོ་ཧུང་ཕིང་གྲོང་ཚོའི་སན་ཧྲི་ཡི་ཉེན་ཆེའི་ཁང་བ་ཞིག་པའི་ཡུལ་དངོས་སུ་གསར་འགོད་པས་ཀྲང་ཁྲིན་ཡོན་གྱི་རོགས་ཡ་སན་ཧྲི་ཧྲི་ཀྲང་ཀྲང་ཁྲང་ལུའུ་མཐོང་བྱུང་། 

མུན་རུབ་ལ་ཉེ་བའི་མཚམས་སུ། བཀོད་སྒྲིག་བྱ་ཡུལ་མདུན་གྱི་ས་སྟོང་ཐོག ཉིན་གང་བྲེལ་འཚུབ་ཀྱིས་ཁེངས་པའི་ཀྲང་ཁྲིན་ཡོན་དང་ཀྲང་ཁྲང་ལུའུ་དུས་ཐོག་ཏུ་ཡུལ་དངོས་སུ་འབྱོར་ནས། ཞིང་འདེབས་གླུ་གཞས་ལས་སྦྱོང་བ་ཐེངས་དང་པོ་དེ་བྱས།

སྟབས་བདེའི་ཁང་པའི་ནང་། ན་ནིང་སློབ་ཆེན་མཐར་ཕྱིན་ནས་ཕ་ཡུལ་དུ་ལོག་མཁན་ཧྥན་ཝུན་ཆིང་གིས་བྱིས་པ་ཚོ་ཁྲིད་ནས་ལེ་ཚན་རྩོམ་བཞིན་མཆིས།

ལྒང་ཞུ་དང་ཁ་དོག་སྣ་ལྔའི་དར་ཆའི་འོག ཤའོ་ཧུང་ཕིང་གྲོང་ཚོའི་དགོང་ཚོགས་གཟབ་རྒྱས་ངང་མགོ་བརྩམས། བྱིས་པ་ཚོ་རང་འགུལ་གྱིས་ཞབས་བྲོ་འཁྲབ་པ་དང་གླུ་གཞས་བཏང་། རང་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མས་ཁྲོམ་བྲོ་འཁྲབ་པ་དང་། དྲག་རྩལ་འཁྲབ་སྟོན་བྱས། མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱས་པའི་དམངས་གླུ་དང་ཞིང་འདེབས་གླུ་སོགས་འཕྲོ་རིམ་འཕྲོར་བླངས་བས། ལོ་སར་གྱི་རྣམ་པས་ཁེངས། 

ཅི་ཧྲི་ཧྲན་རྫོང་ཧྲི་ཡོན་གྲོང་རྡལ་ཞའོ་ཧུང་ཕིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥན་ཞུའེ་ཁྲུན་གྱིས། གྲོང་ཚོ་ཡོངས་ཀྱི་མང་ཚོགས་རྣམས་ལོ་གསར་ཡག་པོ་ཞིག་རོལ་ཐུབ་ཆེད། ཁྱིམ་གཞིས་བསྐྱར་སྐྲུན་བྱེད་སྐབས་རང་ཉིད་ཀྱི་ཁྱིམ་ཚང་ཡག་པོ་བསྐྲུན་དགོས་པ་མ་ཟད། ད་དུང་ཞིར་ལས་འགྲོ་མཁན་ཚོས་ཕྱིར་ལས་ཀ་ཡག་པོ་ཞིག་བཙལ་ནས་ཡོང་འབབ་མང་ཙམ་རག་པ་བྱེད་དགོས་ཞེས་བཤད།  །

 
རྩོམ་སྒྲིག་པ། : 才让东珠