ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས“འཛིན་གསུམ་སྐུལ་གསུམ”འགུལ་སྐྱོད་སྤེལ་ཏེ་ནོར་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2023-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།


རྨ་ཆུ་རྩྭ་ཐང་གི་ནོར་གཡག

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ནི་འབྲོག་ལས་རྐྱང་རྐྱང་གཉེར་བའི་རྫོང་ཞིག་ཡིན་པ་མ་ཟད་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་གྱི་གྲས་ཡིན། ད་ལོ་སླེབས་ཚུན་རྨ་ཆུ་རྫོང་གིས“འཛིན་གསུམ་སྐུལ་གསུམ”འགུལ་སྐྱོད་གཙོ་བོར་བཟུང་ནས་ཐོན་ཁུངས་ལེགས་ཆ་ལ་བརྟེན་ནས་ནོར་གཡག་ཐོན་ལས་འཕེལ་རྒྱས་ཐབས་ལམ་སྒྱུར་ཞིང་ནོར་གཡག་ཐོན་ལས་ཅན་གྱི་ཚོང་གཉེར་མ་ལག་འཐུས་ཚང་དུ་བཏང་ནས་ནོར་གཡག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་སྐྲུན། 

རྨ་ཆུ་རྫོང་གིས་ནོར་གཡག་བོད་ལུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་རྫོང་དང་ཤང་གི་རིམ་པ་གཉིས་ནས“ཐོན་ལས་གཅིག་ལ་ཚན་ཆུང་གཅིག་དང་། ལག་བསྟར་ཇུས་འགོད་གཅིག་དང་ཆེད་མི་རུ་ཁག་གཅིག དཔྱད་དཔག་ཁོངས་གཏོགས་གཅིག”གི་ལས་དོན་སྐུལ་འདེད་ལམ་སྲོལ་བཙུགས་ནས། ཐོན་ལས་སྣེ་ཁྲིད་དང་ཐོན་ཁུངས་རྒྱུ་ཆ། ཞབས་ཞུ་ནུས་བ། ལས་སྒོའི་མཛུབ་སྟོན། ལས་གཞིས་རྒྱབ་སྐྱོར། དཔེ་སྟོན་སྣེ་ཁྲིད་བཅས་གཙོ་བོར་བཟུང་ནས་ནུས་མཐོའི་མཛུབ་སྟོན་དང་སྐུལ་འདེད་མ་ལག་ཆགས། གཞན་ཡང“ནོར་གཡག་མགོ་གྲངས་ཁྲི”ཡི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་དང་། ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ཀྱི་ཕྱུགས་གསོན་པོའི་ཉོ་ཚོང་ཁྲོམ་ར་རིམ་སྤར་སྒྲིག་བཅོས་དང་མཉམ་ལས་ཁང་རིམ་འཕར་ཚད་ལྡན་ཅན་སོགས་ཀྱི་ལས་གཞི་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་རྨང་གཞི་བརྟན་དུ་བཏང་ཞིང་ཕྱུགས་ལས་ཐོན་སྐྱེད་ཆ་རྐྱེན་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན།

རྨ་ཆུ་རྫོང་གིས་ཁུལ་རིམ་པའི་ནོར་གཡག་ཐོན་ལས་དཔེ་སྟོན་ཁུལ2དང་རྫོང་རིམ་པའི་ནོར་གཡག་ཐོན་ལས་དཔེ་སྟོན་ཁུལ3བཙུགས་པ་མ་ཟད། “ཁེ་ལས+རྟེན་གཞི+མཉམ་ལས་ཁང+རོང་འབྲོག་དུད་ཁྱིམ”བཅས་ཀྱི་དཔེ་དབྱིབས་སྤྱད་དེ་རྒྱུ་ཆ་རྟེན་གཞི་མཉམ་སྐྲུན་དང་མིང་རྟགས་ཡོང་འབབ་མཉམ་སྤྱོད། རྒྱུན་རྣམ་ཅན་ཐོན་ཚོང་སྦྲེལ་མཐུད་སོགས་ཀྱི་ཐབས་ལམ་གྱིས་ཁེ་ཕན་སྦྲེལ་མཐུད་ལམ་ལུགས་འཛུགས་པ། རྒྱུད་སྲུང་ར་བ་གཅིག་བཙུགས་ནས་ཚན་རིག་དང་ལྡན་པའི་ངང་རིགས་རྒྱུད་སྤེལ་བ། ནོར་གཡག་རྒྱུད་སྤེལ་ལྟེ་གནས་ཁུལ12སྐྲུན་པ། ནོར་གཡག་གསོ་སྤེལ་སྲོལ་རྒྱུན་ཁེར་རྐྱང་ཕྱུགས་འཚོ་གསོ་སྤེལ་ནས“དབྱར་སྟོན་ཕྱུགས་འཚོ་དང་དགུན་དཔྱིད་གཟན་སྟེར”གྱི་གསོ་སྤེལ་ཐབས་ལམ་དུ་སྒྱུར་བ། རྨ་ཁུག་རྟ་ར་རྣམ་གསར་ཕྱུགས་ལས་ཐོན་ལས་ཚན་རྩལ་གླིང་གིས“ཕྱུགས་འཚོ+གཟན་སྟེར”གྱི་ཚད་གཞི་ཅན་གྱིས་གསོ་སྤེལ་བྱས་ནས་གཟན་སྟེར་ཆ་འགྲིག་ཐོན་སྐྱེད་ལག་རྩལ་དང་སྒྲིག་ཆས་འཛུགས་སྐྲུན་དཔེ་སྟོན་མཉམ་འཛིན་གྱིས་དཔེ་སྟོན་སྣེ་ཁྲིད་བརྒྱུད་དེ་གསོ་སྤེལ་འབྲོག་ཁྱིམ་གྱིས་ཚད་ལྡན་ཅན་གྱི་གསོ་སྤེལ་ཧུར་སེམས་རང་བཞིན་མཐོ་རུ་བཏང་།

ཤང་དང་གྲོང་རྡལ་སོ་སོས་ཕྱུགས་ནད་སྨན་བཅོས་ས་ཚིགས་སྐྲུན་པ་མ་ཟད“ཞིང་གསུམ”ཞབས་ཞུ་ཡན་ལག་རུ་ཁག8བཙུགས་ནས། དུས་བཀག་ལྟར་ཚན་རྩལ་ཆེད་མངག་ལས་དོན་མི་སྣ་བཀོད་སྒྲིག་བྱས་ནས་སྲོག་ཆགས་རིམས་འགོག་དང་ཕྱུགས་ལས་གསོ་སྤེལ་ལག་རྩལ་སོགས་ཀྱི་གསོ་སྦྱོང་སྤེལ། ཕྱུགས་གསོན་པོའི་གཏའ་བཞག་དངུལ་བུན་གཏོང་བའི་དོ་དམ་བྱེད་ཐབས་ཁྲོད་ཀྱི་ཞིབ་ཕྲ་ལ་ཞིབ་བསྡུར་བྱས་ནས་སྔར་ལས་ལྷག་པའི་ངང་དབང་ལྡན་པའི་ངང་ཐོ་འགོད་དང་ཉོ་ཚོང་ཐབས་ལམ་འཁོར་རྒྱུག་བྱས། ཞིང་ལས་འགན་བཅོལ་ལ་བརྩི་སྲུང་བྱས་ཏེ“ཁྱིམ་གཅིག་ལ་འགན་བཅོལ་གཅིག་དང་ཁྱིམ་གཅིག་ལ་ཞིབ་ཐོ་གཅིག ཁྱིམ་གཅིག་ལ་སྐྱིན་ཚབ་གཅིག”གི་བླང་བྱ་བཞིན་ལོའི་ནང་ནོར་གཡག་མགོ་གྲངས་ཁྲི57འགན་བཅོལ་ནང་བཞག་པ་རེད།

གཞན་ཡང་། རྨ་ཆུ་རྫོང་གིས་ཚོང་འགུགས་དངུལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་ཚོང་འགུགས་ཆེད་དོན་འཛིན་གྲྭ་བཙུགས་ཏེ《རྨ་ཆུ་རྫོང་ཞིང་ཕྱུགས་ཐོན་རྫས་གཏིང་ཟབ་ལས་སྣོན་ཐོན་ལས་ཕྲེང་འབྲེལ་ཏེ2023ལོའི་ཚོང་འགུགས་དངུལ་འདྲེན་ལས་དོན་ཇུས་འགོད》དང《རྨ་ཆུ་རྫོང་ཞིང་ལས་ཐོན་ལས་འཕེལ་རྒྱས་ཚོང་འགུགས་དངུལ་འདྲེན་གཟིགས་སྐྱོང་སྲིད་ཇུས(ཚོད་ལྟ)》བཟོས་ནས་ཚོང་འགུགས་དངུལ་འདྲེན་ལས་གཞི་མཛོད་བཙུགས་ཏེ་ལས་གཞི15བསྡུས་པ་རེད། རྨ་ཆུ་རྫོང་བོད་ལུག་སྐྱེ་ཁམས་རིག་ལྡན་གསོ་སྤེལ་ལས་བཞི་བཙུགས་ནས་མཉམ་ལས་ཁང་དང་ཁྱིམ་ཚང་འབྲོག་ར་ལ་སྣེ་ཁྲིད་པ་བརྒྱུད་དེ་དྲ་རྒྱའི་ཐབས་ལམ་གྱིས་གཅིག་གྱུར་དོ་དམ་དང་གཅིག་གྱུར་ཚད་གཞི་ཡིས་ཕྱུགས་ར་ལས་འབུད་པ། སྲོལ་རྒྱུན་གྱི་གསོ་སྤེལ་དང་ཕྱུགས་ར་ལས་འབུད་པའི་དཔེ་དབྱིབས་སྒྱུར་ཏེ་འབྲོག་མི་འབབ་འཕར་ཡོང་བར་གྱུར། མིང་རྟགས་དཔང་བདེན་ར་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་ཕན་ཚུན་ཁ་གསབ་དང་ལེགས་ཆ་འབུར་ཐོན། ཐོན་ཁུངས་མཉམ་སྤྱོད་བཅས་ཀྱི་ཚོགས་སྒྲིག་འཕེལ་རྒྱས་དཔེ་དབྱིབས་སྐྲུན་ནས་ཀན་ལྷོའི་ནོར་གཡག“རྩྭ་ཐང་ནས་གསོལ་ལྕོག”ཐོག་གི་ཐོན་ལས་ཕྲེང་འབྲེལ་ཧྲིལ་བོ་རྩེ་གྲ་ཅན་དང་མིང་རྟགས་ཅན། རིམ་མཐོ་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བྱས། མིང་རྟགས་ཚོང་གཉེར་བྱེད་ཤུགས་ཆེ་རུ་བཏང་ནས་ནོར་གཡག་ཐོན་ལས་ཕྲེང་འབྲེལ་ཁ་གསབ་ཀྱིས་དྲ་ཐོག་དང་ཡུལ་དངོས། སྲོལ་རྒྱུན་དང་དེང་རབས། སྲིད་གཞུང་ཉོ་སྒྲུབ་དང་ཁྲོམ་རའི་ཚོང་གཉེར་ཟུང་འབྲེལ་གྱིས་རྒྱུན་མཐུད་ངང“ཀན་ལྷོའི་ནོར་གཡག”མིང་རྟགས་དང“འབྲོག་གླུ་དང་པོ”སོགས་ཀྱི་རྫོང་ཁོངས་སྤྱི་པའི་མིང་རྟགས་ཁྱབ་གདལ་བཏང་ཞིང་། ཤར་ནུབ་རྒྱུད་རོགས་ལས་དང་ཕིང་ལིང་ཧུང་ནིའུ་ཚོགས་པ་སོགས་ཀྱི་ཁེ་ལས་དང་མཉམ་འབྲེལ་གྱིས་མཉམ་ལས་གན་རྒྱ་འཛུགས་པ་དང་ཐོན་རྫས་ཚོང་གཉེར་བགྲོད་ལམ་རྒྱ་ཆེར་གཏོང་རྒྱུ་རེད།

ནོར་གཡག་ཐོན་ལས་ནི་རྨ་ཆུ་རྫོང་གི་སྐྱེ་ཁམས་ཕྱུགས་ལས་འཛིན་ས་གཙོ་བོ་ཡིན་པའི་ཆ་ནས། ཐད་ཀར་དུ་རྒྱ་ཆེའི་འབྲོག་མི་ཚོ་དང་འབྲེལ་བའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཡིན། མ་འོངས་པར་རྨ་ཆུ་རྫོང་གིས་མུ་མཐུད་དུ་དེང་རབས་ཅན་གྱི་ནོར་གཡག་ཐོན་ལས་ཕྲེང་འབྲེལ་སྐྲུན་པར་མགྱོགས་མྱུར་སྐུལ་འདེད་བཏང་ནས། རྨ་ཆུ་རྫོང་དེ་ཁྱབ་ཁོངས་ནོར་གཡག་རིམ་མཐོ་ཐོན་རྫས་ལས་སྣོན་ཐོན་སྐྱེད་རྟེན་གཞི་དང་ནོར་གཡག་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་དུ་གཏོང་རྒྱུ་རེད། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།