ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་ནུས་ཤུགས་ཡོད་རྒུས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོས་བསྒྱུར།   སྤེལ་དུས། : 2023-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།


རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་རྨ་ཆུའི་བརླན་ས་རུ་ཡོད་པ།


ལྗང་མདོག་གི་རྨ་ཆུ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “གནམ་འོག་རྨ་ཆུའི་ཁུག་སོ་དང་པོ”ཞེས་པའི་མཚན་སྙན་ལྡན་པའི་རྨ་ཆུ་རྫོང་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་གཙོ་བོ་དང་སྐྱེ་ཁམས་ནུས་ཁུལ་ཡིན་པས་སྐྱེ་ཁམས་གོ་གནས་ཤིན་ཏུ་གལ་ཆེ། ཉེ་བའི་ལོ་འགའི་རིང་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་གིས་དུས་དང་རྣམ་པ་ཀུན་ཏུ་སྟོད་རྒྱུད་འགན་ཁུར་གྱིས་ལྗང་མདོག་རྨང་གཞི་སྲུང་ཞིང་གཏིང་ཟབ་སྒོས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས། རི་ཆུ་ནགས་ཞིང་མཚོ་མཚོ་མཚེའུ་དང་རྩྭ་ཐང་། བྱེ་མ་བཅས་གཞི་གཅིག་ཅན་དུ་གཏོང་བའི་སྲུང་སྐྱོང་དང་བྱེ་བྲག་བཅོས་སྐྱོང་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བརྟན་སྲུང་བྱས།

སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཆེད། རྨ་ཆུ་རྫོང་གིས་མུའུ་ཁྲི1288བེད་སྤྱོད་ཆོག་པའི་རྩྭ་ཐང་རྨང་གཞིའི་རྩྭ་ཐང་དུ་བགོས་ནས་གཟབ་ཀྱིས་སྲུང་སྐྱོང་བྱས། སྐྱེ་ཁམས་ནགས་སྲུང་དང་རྩྭ་སྲུང་གདན་འདྲེན་ཞུས་ཏེ་རྩྭ་ཐང་དང་བྱེ་འགྱུར་ས་ཞིང་སོགས་ཀྱི་ཐོན་ཁུངས་ལ་སྲུང་སྐྱོང་དོ་དམ་བྱས་པ་མ་ཟད། སྤྱི་ཚོགས་ཁོར་སྲུང་རྩ་འཛུགས་དང་རྒྱ་ཆེའི་འབྲོག་པ་མང་ཚོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ནང་ཞུགས་པར་སྐུལ་སློང་བྱས་ནས་སྤྱི་ཚོགས་སྲུང་སྐྱོང་སྐྱེ་ཁམས་རྣམ་པ་ཆགས། བྱེ་འགོག་བྱེ་བཅོས་མཁྲེགས་གཏོར་དམག་འཐབ་བརྒྱབ་ནས་བསྡོམས་པས་བྱེ་འགུལ་ས་ཁུལ་མུའུ་ཁྲི33.99དང“ས་ནག་ཅན”གྱི་ཞན་འགྱུར་རྩྭ་ཐང་མུའུ་ཁྲི122.52 ། ཞན་འགྱུར་བྱེ་འགྱུར་རྩྭ་སའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ནུས་ལྡན་ངང་རྨ་ཆུའི་ཆུ་དུམ་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཕྱིན། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར་འགུལ་སྐྱོད་སྤེལ་ཏེ་བསྟུར་མར་ལོ་གཉིས་ལ“ལྔ་མེད་ཀན་ལྷོ་གསར་བ་སྐྲུན་པ་དང་། དམངས་ཡོངས་ཀྱིས་མ་ཡུམ་ཆུ་བོ་སྲུང་བའི”བྱ་འགུལ་སྤེལ་ཏེ་རྨ་ཆུའ་འགྲམ་རྒྱུད་བྱེ་འགྱུར་ཁུལ་དུ་སྡོང་རྐང་ཁྲི67.83བཙུགས་པ་དང་། རྩྭ་བཏབ་ནས་བྱེ་འགོག་མུའུ་ཁྲི515 ། སྡོང་བོ་བཙུགས་ནས་བྱེ་བཅོས་མུའུ500བཅས་ཀྱི་འགུལ་སྐྱོད་བརྒྱུད་དེ་རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་འགོག་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱས། རྨ་ཆུའི་འགྲམ་རྒྱུད་ཀྱི་བྱེ་འགྱུར་རྩྭ་ཐང་གཅིག་བསྡུ་ཁྱབ་ཁུལ་དུ་སྤྱི་ལེ་གྲུ་བཞི་མ100རྒྱལ་ཁབ་ཀྱི་བྱེ་འགྱུར་ས་ཞིང་བཀག་འགོག་སྲུང་སྐྱོང་ཁུལ་བཙུགས་ཏེ་བཀག་འགོག་སྒྲིག་ཆས་འཛུགས་སྐྲུན་དང་བྱེ་བརྟན་བྱེ་གནོན་སོགས་ཀྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་དང་ནུས་ལྡན་ལྟ་ཞིབ་ཚད་འཇལ། དྲིལ་སྒྲོག་སློབ་གསོ་དང་དོ་དམ་སོགས་ཀྱི་ལས་དོན་སྤེལ། གཞན་ཡང་བརླན་ས་སྲུང་སྐྱོང་དང་སླར་གསོ་བྱས་ནས་གཙོ་གནད་ན་འདམ་བརླན་སར་ར་སྐོར་ནས་སྲུང་སྐྱོང་བྱེད་པ་དང་ཞན་འགྱུར་བརླན་སའི་སྔོ་ཁེབས་སླར་གསོ། ན་འདམ་སྔོ་ཁེབས་སླར་གསོ་དཔེ་སྟོན་ཁྱབ་གདལ་དང་ཕྱུགས་བསྐྱུར་བརླན་གསོ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པས་བརླན་ས་མུའུ་ཁྲི30.8སླར་གསོ་བྱས་པས་བརླན་ས་སྲུང་ཚད་མུ་མཐུད་དུ་མཐོ་རི་ཕྱིན། ཧུར་གྱིས་རི་ཆུ་ནགས་ཞིང་མཚོ་མཚེའུ་དང་རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་སླར་གསོ་ལ་སྐུལ་འདེད་བྱས་པ། རྨ་ཆུ་རྫོང་གིས2021ནས2022ལོའི་རི་ཆུ་ནགས་ཞིང་མཚོ་མཚེའུ་དང་རྩྭ་ཐང་། བྱེ་ས་བཅས་གཞི་གཅིག་ཅན་གྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་རྣམ་གྲངས་གཙོ་བོ་བྱེ་འགྱུར་རྩྭ་ཐང་སླར་གསོ་དང་ཞན་འགྱུར་རྩྭ་ཐང་སླར་གསོ། བདག་མེད་གཏེར་རིའི་སྐྱེ་ཁམས་སླར་གསོ། བརླན་ས་སླར་གསོ། འབབ་རྒྱུད་ཆུང་བུའི་བཅོས་སྐྱོང་། རྨ་ཆུའི་འགྲམ་རྒྱུད་བྱེ་འགོག་ནགས་སྐྲུན་སོགས་ཀྱི་ལས་གཞི་འདུས་ཤིང་། སླར་གསོ་བཅོས་སྐྱོང་རྒྱ་ཁྱོན་མུའུ་ཁྲི37.76ལེགས་འགྲུབ་བྱུང་ཡོད།

ད་ལྟ། རྨ་ཆུ་རྫོང་གི་ཆུ་ཁུངས་གསོ་སྐྱོང་ཁུལ་གྱི་ནུས་བ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ་དང་། བྱེ་འགྱུར་ཞན་འགྱུར་རྩྭ་ཐང་ལ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་རབ་དང་རིམ་པ་སྤེལ་བ་བརྒྱུད། ལས་གཞི་ཁུལ་གྱི་ནགས་རྩྭ་སྔོ་ཁེབས་རིམ་བཞིན་སླར་གོས་བྱུང་བ་དང་སྔོ་ཁེབས་ཁྱབ་ཚད་མཐོ་རུ་ཕྱིན། གཟན་རྩྭ་སྤུས་ལེགས་བསྡུར་ཚད་འཕར་བས་རྨ་ཆུ་རྩྭ་ཐང་གིས་རྨ་ཆུའི་ཆུ་ཁུངས་ལ་ཁ་གསབ་པའི་ནུས་བ་སྔར་ལས་མཐོ་རུ་ཕྱིན། བྱེ་འགྱུར་ཞན་འགྱུར་རྩྭ་ཐང་སླར་གསོ་ཕན་འབྲས་མངོན་གསལ་ཡིན། 2022ལོར་རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད98.33%ཟིན་པ་དང་། རི་སྐྱེས་སྲོག་ཆགས་ཁྱུ་ཚོགས་རིགས་མུ་མཐུད་དུ་མང་བུ་ཕྱིན་ནས་གཙོད་དང་གནའ་བ་སོགས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་ཀྱི་ཁྱུ་ཚོགས་གྲངས་འབོར་ལོ་རེར་མང་དུ་ཕྱིན། ཉེ་བའི་ལོ་ཤས་རིང་ལ་སྤྱང་ཀི་དང་ཝ་མོ་སོགས་ཀྱི་ཤ་གཟན་སྲོག་ཆགས་རིམ་བཞིན་མང་དུ་ཕྱིན་པ་མ་ཟད་ས་གནས་མང་ཚོགས་ཀྱིས་ཐེངས་མང་པོར་གསའ་པར་ལེན་ཐུབ་པ་བྱུང་། རྨ་ཁུག་རྟ་རའི་བརླན་ས་ནས་དགུན་སྒྲོལ་དུས་བྱ་ཁྲི3ལྷག་འཚོ་སྡོད་བྱེད་བཞིན་ཡོད་ལ། བཞད་ནག་དང་ཁྲུང་ཁྲུང་སྐེ་ནག ཁྲུང་ཁྲུང་མགོ་ཁྲ། ཆུ་བྱ་སོགས་ཀྱི་འདབ་ཆགས་རྩ་ཆེན་རིགས་ཀྱིས་གནས་དེར་དགུན་སྒྲོལ་གྲ་སྒྲིག་བྱེད་བཞིན་ཡོད།

མ་འོངས་པར་རྨ་ཆུ་རྫོང་གིས་མུ་མཐུད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་དོན་འཁྱོལ་བྱས་ནས་སྐྱེ་ཁམས་སྔོན་འགྲོ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས། རྨ་ཆུའུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམག་འཐབ་གཙོ་བོའི་གོ་སྐངས་དམ་འཛིན་གྱིས་རྨ་ཆུའི་ཆུ་དུམ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་ལ་སྐུལ་འདེད་བཏང་ནས་སྤྱི་ཆའི་ནུས་བ་རྒྱུན་མཐུད་མཐོ་རུ་གཏོང་རྒྱུ་ཡིན། །

 
རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།