ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གྱི་སྡེ་བ6ལ་ཞིང་ཆེན་ཡོངས་ཀྱི་སྡེ་སྲོལ་དམངས་ཆིངས་སྔོན་ཐོན་སྡེ་བའི་མཚན་སྙན་ཐོབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྡེ་སྲོལ་དམངས་ཆིངས་སྔོན་ཐོན་སྡེ་བའི་མཚན་སྙན་དཔྱད་འདེམས་བྱ་འགུལ་ཁྲོད། འོག་རིམ་ནས་གོང་རིམ་ལ་སྙན་ཞུ་དང་རིམ་པ་བཞིན་ཞིབ་བཤེར། ཡུལ་དངོས་དཔྱད་འཇོག སྤྱི་ཚོགས་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད་དེ། ཀན་ལྷོ་ཁུལ་བ་ཙེ་རྫོང་དབྱང་ཡུང་གྲོང་རྡལ་སུན་ཅ་མའོ་སྡེ་བ་དང་། ཀུའུ་ཀྲན་གྲོང་རྡལ་ཀུའུ་ཀྲན་སྡེ་བ། ཅོ་ནེ་རྫོང་ཧྲིན་ཙང་གྲོང་རྡལ་ཏན་ཙང་སྡེ་བ། འབྲུག་ཆུ་རྫོང་པ་ལུན་ཤང་དབྱང་ཧྲན་སྡེ་བ། བསང་ཆུ་རྫོང་བླ་བྲང་གྲོང་རྡལ་ཅོ་རྒྱ་སྡེ་བ། དམར་སྟེང་གྲོང་རྡལ་དམར་སྟེང་སྡེ་བ་སོགས་སྡེ་བ6ལ་ཞིང་ཆེན་ཡོངས་ཀྱི་སྡེ་སྲོལ་དམངས་ཆིངས་སྔོན་ཐོན་སྡེ་བའི་མཚན་སྙན་ཐོབ།

སྡེ་སྲོལ་དམངས་ཆིངས་ནི་སྡེ་མིས་རང་བདག་དོ་དམ་དང་རང་ཉིད་ཞབས་ཞུ། རང་ཉིད་སློབ་གསོ། རང་ཉིད་ལྟ་སྐུལ་བཅས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་སྦྲེལ་གྱི་དེང་རབས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། ཁུལ་ཡོངས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང651གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྫོང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མང་ཚོགས་ཀྱི་བསམ་འཆར་གཅིག་སྡུད་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་བྱས་པ་དང་། མུ་མཐུད་དུ་སྡེ་སྲོལ་དམངས་ཆིངས་གསར་འཛུགས་དང་འཐུས་ཚང་དུ་བཏང་ནས། རོང་འབྲོག་སྡེ་བའི་དཔལ་ཡོན་དར་སྲོལ་དང་ཁྱིམ་སྲོལ་ལེགས་པོ། དམངས་སྲོལ་བབ་ཆགས་བཅས་ཆགས་པར་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།