ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས22ཉིན། ཏུན་ཧོང་ཞིབ་འཇུག་གླིང་གིས་གྲོས་འགོ་བཏོན་པའི་ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་དངོས་སུ་བཙུགས་པ་རེད།

དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་དང་ལྔ་བཅུ་པར། ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་དར་རྒྱས་བྱུང་ནས། ཁྲང་ཧྲུའུ་ཧུང་དང་ཏོན་ཝིན་ཅེ། ཧྲི་ཝེ་ཞང་། ཀོན་ཡིའུ་ཧུའེ། སུན་རུའུ་ཞན་སོགས་ཏུན་ཧོང་ཆེད་མཁས་པ་རྒན་པ་རྣམས་ཀྱིས་གཞུང་ལུགས་དང་ལག་ལེན་ཟུང་སྦྲེལ་རྒྱུན་འཁྱོངས་བྱེད་པའི་རྣམ་པར་བརྟེན་ནས། སྔ་རྗེས་སུ་བྲག་ཕུག་བཟོ་སྐྲུན་དང་འབག་བརྐོས། ལྡེབས་རིས་སོགས་ཕྱོགས་སོ་སོར་འབྲེལ་བའི་ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་སྤེལ་ཏེ་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས་ཡོད། ཞིབ་འཇུག་གྲུབ་འབྲས་དེ་ཏུན་ཧོང་རིག་པའི་ཁྱབ་ཁོངས་དང་ཡང་ན་མཛེས་རྩལ་རིག་པའི་ཁྱབ་ཁོངས་སུ་འཐུས་ཚབ་རང་བཞིན་གྱི་དོན་སྙིང་ལྡན་པ་དང་། དེས་ཏུན་ཧོང་ཞིབ་འཇུག་གླིང་གི་ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ཐད་ཀྱི་ཞིབ་འཇུག་ཁྱད་ཆོས་དང་ཤུགས་རྐྱེན་གྲུབ་ཡོད། 

དུས་རབས་གསར་པར། རྒན་རབས་པའི་ཞིབ་འཇུག་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ་དང་། ཏུན་ཧོང་ཞིབ་འཇུག་གླིང་གིས་ཏུན་ཧོང་རིག་པའི་ཚན་ཁག་གི་ཁྱད་ཆོས་སྲུང་འཛིན་བྱེད་ཆེད། ཏུན་ཧོང་ཞིབ་འཇུག་གླིང་གིས་མཛེས་རྩལ་ཞིབ་འཇུག་སའོ་ཡི་ད་ཡོད་ཀྱི་སྒྲིག་ཆས་དང་མི་སྣར་བརྟེན་ནས། ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། དེའི་དམིགས་ཡུལ་ནི་ཏུན་ཧོང་སྒྱུ་རྩལ་རིག་པའི་ལས་རིགས་ཀྱི་བརྗེ་རེས་དང་མཉམ་ལས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས། ཏུན་ཧོང་ཞིབ་འཇུག་གླིང་གི་མཛེས་རྩལ་ཞིབ་འཇུག་ཆུ་ཚད་མཐོར་འདེགས་སུ་བཏང་སྟེ། ཏུན་ཧོང་རིག་པའི་མཐོ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་ཡིན།

རྒྱུས་ལོན་པ་ལྟར་ན། ཏུན་ཧོང་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ལ་ཞིབ་འཇུག་པ་ཀྲའོ་ཧྲིན་ལེའང་གིས་ལྟེ་གནས་ཀྲུའུ་རེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། མ་འོངས་པར་ཕྱོགས་གསུམ་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་སྟེ། གཅིག་ནི་དུས་བཅད་ལྟར་རིག་གཞུང་བྱ་འགུལ་སྤེལ་ནས་རིག་ཚན་གྱི་ཕན་ཚུན་བརྗེ་རེས་ལ་ཤུགས་སྣོན་རྒྱུ་དང་། གཉིས་ནི་ཧུར་ཐག་གིས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་པུའུ་རིམ་པ། གླིང་རིམ་པའི་ཞིབ་འཇུག་བྱ་གཞི་ནང་ཞུགས་ཏེ། ལས་གཞིས་ཞིབ་འཇུག་ལ་སྐུལ་ཁྲིད་བྱེད་པ་དང་། གླིང་དེ་གའི་སྦས་ཤུགས་ཆེ་བའི་ན་གཞོན་ཆེད་མཁས་པ་གསོ་སྐྱོང་བྱ་རྒྱུ། གསུམ་ནི་ཕུལ་བྱུང་གི་མཛེས་རྩལ་རིག་གཞུང་ཞིབ་འཇུག་འཇོན་མི་གདན་ཞུ་བྱེད་པ་དང་། ཞོར་འགན་ཁུར་བའི་ཞིབ་འཇུག་མི་སྣ་གདན་ཞུ་བྱས་ནས་ཞིབ་འཇུག་གི་སྟོབས་ཤུགས་ཇེ་ཆེར་གཏོང་རྒྱུ་བཅས་ཡིན། ། 

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།