ཀྲུང་གོ་བོད་ཀྱི་དྲ་བ།

ཀ་ཤུལ་ཏེ་མཐོ་སྒང་གི་འབྲོག་ལས་གྲོང་ཚོ་ཞིག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དབྱར་ཟླ8པའི་ཀན་ལྷོ་རྩྭ་ཐང་ཆེན་མོ་རུ་ཉི་འོད་དྲོད་ཅིང་ནོར་ལུག་ཁྱུ་ཡིས་གང་སར་ཁེབས་པས་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་རེད། དེ་རུ་མི་རྣམས་བདེ་སྐྱིད་ཁམས་བཟང་གི་འཚོ་བ་རོལ་བཞིན་ཡོད། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་ནས་དུས་ཚོད་གཅིག་གི་རིང་ལ་བསྐྱོད་ཚེ། གསར་འགོད་པ་དང་བཅས་པ་ཀན་ལྷོ་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་གྲོང་སྡེ་སྟེ་མཚོ་ཉིན་གྲོང་རྡལ་ཀ་ཤུལ་སྡེ་བར་ཐོན་པ་རེད། 

1.png

  འདི་ནི་ཀ་ཤུལ་གྲོང་ཚོའི་རྣམ་པ་རེད།

ཀ་ཤུལ་གྲོང་ཚོ་ནི་ཀླུ་ཆུ་རྩྭ་ཐང་དབུས་རྒྱུད་ཀྱི་རྒྱལ་ཁབ་ཀྱིAAAAརིམ་པའི་བོད་གྲོང་རིག་གནས་སྐྱེ་ཁམས་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཆགས་པ་དང་། ལོ་ངོ20སྔོན་དུ། གནས་འདི་ཡང་མདོ་དབུས་མཐོ་སྒང་གི་འབྲོག་ཁུལ་གཞན་དག་དང་འདྲ་བར་དཔེ་མཚོན་ཅན་གྱི་འབྲོག་ལས་གཉེར་བའི་གྲོང་སྡེ་ཞིག་ཡིན་ལ། འབྲོག་མི་ཚོ་རྩྭ་ཆུ་བསྟུན་ནས་འཚོ་སྡོད་བྱེད་པ་དང་མི་རབས་ནས་མི་རབས་བར་རང་གི་ཁྱིམ་གཞིས་སྲུང་བཞིན་ཡོད། ལོ20རྗེས་སུ་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་འོག་ཏུ་གྲོང་ཚོ་དེས་ཧུར་གྱིས་དེང་རབས་ཅན་དང་སྦྲེལ་མཐུད་གང་ལེགས་བྱས་ནས། སྔོན་ཆད་ཀྱི་རུ་སྤོར་རྣམ་པ་ནས་རིམ་བཞིན་གཏན་སྡོད་མངོན་འགྱུར་བྱུང་ཞིང་། དེ་དང་ཆབས་ཅིག་ཏུ་ཀན་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབོད་སྐུལ་དང་བསྟུན་ནས་གད་སྙིགས་གཙང་སེལ་ལས་དོན་སྤེལ་ནས་ཤུགས་ཆེན་པོསགསང་སྤྱོད་བཅོས་སྒྱུར”ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་ཁོར་ཡུག་ལ་གནམ་ས་བླ་འོག་བརྗེ་པའི་འགྱུར་ལྡོག་ཆེན་པོ་བྱུང་།

2.jpg

  འདི་ནི་ཀ་ཤུལ་གྲོང་ཚོའི་འབྲོག་ལས་སྤྲོ་ཁྱིམ་ཁང་གི་ཟས་ཅོག་རེད།

ཐོན་སྐྱེད་བྱེད་ལུགས་འགྱུར་ལྡོག་བྱུང་བ་དེས་འཕེལ་རྒྱས་འདུ་ཤེས་དང་འཕེལ་རྒྱས་བླང་བྱ་གསར་བ་ཁྱེར་ཡོང་ཞིང་། ཏང་དང་སྲིད་གཞུང་གི་རོགས་རམ་དང་སྣེ་ཁྲིད་འོག་ཏུ་ཀ་ཤུལ་གྲོང་སྡེ་ཡིས་རང་གི་རིག་གནས་རྒྱུན་འཁྱོངས་བྱེད་པའི་ཞོར་དུ་རྣམ་པ་གསར་བ་དང་ཁ་གཏད་དེ་བསམ་བློ་སྒྱུར་ཞིང་། དུས་དང་རྣམ་པ་ཀུན་ཏུ་སྤྲོ་སྣང་ཡར་ཐོན་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས། མཚོ་ཉིན་གྲོང་རྡལ་གྱི་ཀྲིན་ཀྲང་གདུགས་དཀར་རྒྱལ་གྱིས“ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱིས་འབྲོག་མི་ཚོའི་གཅིག་རྐྱང་གི་དཔལ་འབྱོར་ཡོང་འབབ་ལ་འགྱུར་ལྡོག་བཏང་བ་དང་། མི་རྣམས་ཀྱིས་ཕྱུགས་འཚོ་བའི་ལས་རྐྱང་རྐྱང་ལ་བརྟེན་མི་དགོས་པར་མ་ཟད། རྩྭ་སའི་གནོན་ཤུགས་ཀྱང་ཇེ་ཆུང་དུ་སོང་བ་རེད། གཞན་ཡང་ཉེ་བའི་ལོ་འགའི་རིང་ལ་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་མུ་མཐུད་དུ་ཤུགས་ཆེན་པོ་བསྣནཔ་དང་བསྟུན། མིག་སྔར་རྩྭ་ས་ཆེས་ལེགས་པའི་རྣམ་པ་སླར་གསོ་བྱུང་ཡོད”ཅེས་བཤད།

3.jpg

  འདི་ནི་ཚོང་པས་གསར་འགོད་པར་བོད་ཀྱི་ཤ་མོག་སྟོན་བཞིན་པའི་ཚུལ་རེད།

ད་ལྟ། འབྲོག་མི་ཚང་མར་གཏན་སྡོད་ཀྱི་ཁང་པ་ཡོད་པ་མ་ཟད། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཕྱོགས་ནས་ཀྱང་འགན་སྲུང་ཡོད་པས། ཀ་ཤུལ་གྲོང་ཚོ་ནི་ཀན་ལྷོའི་སྐྱེ་ཁམས་ཡུལ་སྐོར་གྱི་འོད་མཚར་བའི་མུ་ཏིག་ལྟ་བུ་གྱུར་ཡོད། 

4.jpg

  འདི་ནི་ཕྱི་རྒྱལ་གྱི་ཧྭ་བུན་སྨྱན་སྦྱོར་གྱི་གསར་འགོད་པའི་ཚོགས་པ་ཀ་ཤུལ་སྡེ་བར་སླེབས་པའི་ཚུལ་རེད།

གསར་འགོད་པས་མུ་མཐའ་མེད་པའི་རྩྭ་ཐང་དང་གཙང་ཞིང་གྲལ་འགྲིག་པའི་ཨར་འདམ་ལམ། གྲལ་སྒྲིག་པའི་བོད་ཀྱི་འབྲོག་ལས་སྤྲོ་ཁྱིམ་ཁང་མཐོང་དུས། དེའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་གཏིང་ཟབ་པའི་རིག་གནས་ཀྱིས་གསར་འགོད་པ་ཚོའི་ཡིད་སེམས་དབང་མེད་དུ་བཀུགས་པ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།