ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཡིས་མགྱོགས་མྱུར་ངང་དེང་རབས་ཐོན་ལས་མ་ལག་སྐྲུན་ཏེ་རྒྱུན་ཆད་མེད་པར་སྤུས་མཐོའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་དྲ་བའི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་གཟུགས་དཔལ་འབྱོར་འདེགས་སྐྱོར་ཡིན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་རྒྱུ་ནི། ང་ཚོའི་མ་འོངས་པའི་གོང་འཕེལ་དང་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་འཐབ་ཇུས་རང་འགུལ་ཐོབ་པ་དང་འབྲེལ་བ་ཡོད་ཅེས་ནན་གསུངས་གནང་།

རྒྱལ་ཡོངས་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པར་དམིགས་ནས། ཀན་སུའུ་ཡིས་ཐོན་ཁུངས་ཀྱི་བཟང་ཆར་བརྟེན་པ་དང་། སྲོལ་རྒྱུན་ཐོན་ལས་འབྲེལ་ཐག་གཅིག་རུ་བསྡུ་པ། གསར་དར་ཐོན་ལས་དང་ལས་རྣམ་གསར་པའི་འབྲེལ་ཐག་ཁ་གསབ། ཁྱབ་ཁོངས་གཙོ་བོའི་གོང་འོག་གི་ཐོན་ལས་འབྲེལ་ཐག་ཇེ་རིང་དང་།  ནུས་རྒྱུ་གསར་པ་སྒྲིག་སྦྱོར་དང་རྒྱུ་ཆ་གསར་པ་ཚབ་མཚོན་དུ་བཟུང་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགསམྱུར་སྒོས་འཛུགས་སྐྲུན་བྱེད་པ་བརྒྱུད། རྒྱུན་མི་ཆད་པར་སྤུས་མཐོའི་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བཞིན་ཡོད།

ཟླ8པའི་ཚེས25ཉིན། སེལ་ལས་ཀུང་སི་ཞིག་གི་སྐྱེ་ལྡན་སེལ་གཞི་གཅིག་ཅན་གྱི་རྣམ་གྲངས་ལན་ཀྲོའུ་ཁུལ་གསར་དུ་ལས་གཉེར་བྱེད་མགོ་ཚུགས། རྣམ་གྲངས་སྐྲུན་རྗེས། ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར150ཡན་ཟིན་རྒྱུ་ཡིན་པ་དང་། ལས་ཞུགས་ལས་གནས2500ལྷག་མཁོ་འདོན་བྱེད་ཐུབ་སྟེ། ལན་ཀྲོའུ་ཁུལ་གསར་གྱི་རྒྱུ་ཆ་གསར་པ་དང་ནུས་ཁུངས་གསར་པའི་ཐོན་ལས་ཧྲིལ་པོའི་འབྲེལ་ཐག་ཁྲོད་ཀྱི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། ལན་ཀྲོའུ་ཁུལ་གསར་དཔལ་འབྱོར་མཉམ་ལས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝང་ཅུན་ཧྥེང་གིས་ངོ་སྤྲོད་བྱས་པར། རྣམ་གྲངས་དེར་མ་འཇོག་བྱས་ནས་ཐོན་སྐྱེད་བྱས་རྗེས། ང་ཚོའི་སེལ་རྨང་རྒྱུ་ཆར་སྣེ་ཁྲིད་ཀྱི་ཁེ་ལས་ཞིག་ཡོད་པ་དང་། སྣེ་ཁྲིད་ཁེ་ལས་ཀྱི་རྒྱུ་ཆར་བརྟེན་ནས་ཐོན་ལས་གོང་འོག་རིང་དུ་བསྲིངས་ནས་ལས་སྣོན་བྱ་ཆོག ད་ལྟ་ང་ཚོའི་ཐོན་ལས་གོང་འཕེལ་དང་ཐོན་ལས་འབྲེལ་ཐག་འཐུས་ཚང་དུ་ཕྱིན་པ་དང་བསྟུན་ནས། སྤྱིའི་ཆ་ནས་ང་ཚོས་འཆར་འགོད་གཏན་ཁེལ་བྱས་པའི་ཐོན་ལས་འབྲེལ་ཐག་ལ་གཞིགས་ནས་འཚོང་འགུག་ཀྱིན་ཡོད། ད་ལྟ་དམིགས་སའི་རང་བཞིན་སྔར་ལས་ཆེ་བ་དང་སྔར་བས་གནད་དུ་ཁེལ་ཡོད།

ད་ཆ། ལན་ཀྲོའུ་ཁུལ་གསར་གྱིས་ནུས་ཁུངས་གསར་པ་དང་རྒྱུ་ཆ་གསར་པ། སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན། གྲངས་གཞིའི་ཆ་འཕྲིན། སྐྱེ་དངོས་སྨན་རྫས་སོགས་ཐོན་ལས་རྣམས་གོང་འཕེལ་གྱི་གཙོ་གནད་དུ་བཞག་ནས་ཚོང་འགུག་བཞིན་ཡོད་པ་དང་། ཐོན་ལས་ཁྱུ་ཚོགས་སྔར་བས་ཇེ་ཆེར་ཕྱིན་པ་དང་། གོང་འོག་ཐོན་ལས་འབྲེལ་ཐག་ཇི་ཙམ་གསབ་ན་དེ་ཙམ་གྱིས་སྟོབས་ཆེར་འགྲོ་བཞིན་ཡོད།

རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པའི་ཐོན་ལས་འབྲེལ་ཐག་ལ་བརྟེན་ནས། ཁེ་ལས་དེ་བས་མང་བས་ཀན་སུའུ་རུ་གཞི་འཛུགས་རྒྱུའི་འདུན་པ་ཡོད། 


《ཀན་སུའུ་ཞིང་ཆེན་གྱི་བཟོ་ལས་སྟོབས་ལྡན་དུ་གཏོང་བའི་འགུལ་སྐྱོད་ཀྱི་ལག་བསྟར་ཇུས་གཞི(2022ལོ་ནས2025ལོ་བར)》ནང་། གློག་རྫས་སོགས་གསར་དར་ཐོན་ལས་ལ་དམིགས་ཏེ་རིམ་པ་མཐོ་བའི་ཟངས་ཤོག་དང་ཐཱན་ལྡོག་སྣེའི་རྒྱུ་ཆ་སོགས་ཐོན་ལས་འབྲེལ་ཐག་གི་རྣམ་གྲངས་གལ་ཆེན་ཁག་ཅིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། ཀན་སུའུ་རྒྱལ་ཁབ་རིམ་པའི་གློག་རྫས་རྒྱུ་ཆའི་ཐོན་སྐྱེད་རྟེན་གཞིར་འགྱུར་རྒྱུར་རྒྱབ་སྐྱོར་བྱས་ནས། 2025ལོར་སླེབས་སྐབས། གློག་རྫས་ཀྱི་རྒྱུ་ཆ་གསར་པའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1100ཟིན་རྒྱུའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

ནུས་རྒྱུ་གསར་པ་དང་རྒྱུ་ཆ་གསར་པ། སྒྲིག་ཆས་བཟོ་སྐྲུན་བཅས་མཚོན་བྱེད་ཡིན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མགྱོགས་མྱུར་གོང་འཕེལ་ཕྱིན་ནས། ཀན་སུའུ་སྤུས་མཐོའི་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ད་ལོར། ཀན་སུའུ་ཡིས་ཞིང་ཆེན་རྣམ་གྲངས་གལ་ཆེན287ལ་སྐུལ་འདེད་བཏང་བ་དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་ཁྲི1.6བཏང་ཞིང་། དེའི་ནང་ནུས་རྒྱུ་དང་ཐོན་ལས་གཞན་སྒྱུར་རིམ་སྤོར། དེ་བཞིན་ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་ཀྱི་ལོ་འཁོར་འཆར་གཞིའི་མ་འཇོག་བསྡུར་ཚད་བཅུ་ཆའི་བརྒྱད་ལྷག་ཟིན།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།