ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་བདེ་བླག་ངང་མཇུག་སྒྲིལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-08-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

220000000.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ།  མཁའ་འགྲོ་ཚེ་བརྟན། བསམ་འཕེལ་ནོར་བུ། མཁའ་མཚོ་སྐྱིད )  རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཟླ8པའི་ཚེས17ཉིན་ཀན་སུའུ་ཞིང་ཆེན་གཙོས་གྲོང་ཁྱེར་དུ་བདེ་བླག་ངང་མཇུག་སྒྲིལ། 

1WechatIMG403.jpg

11WechatIMG401.jpg

ཐེངས་འདིའི་ཚོགས་འདུར་ཀན་ལྷོའི་ཉིན་རེའི་ཚགས་པར་ཁང་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ལྗོངས་ཞིང་ལྔའི་སྨྱན་སྦྱོར་ལས་ཁུངས29ཡི་ལས་བྱེད་མི་སྣ60ལྷག་ཞུགས་ཡོད།

22IMG_0115.jpg

22WechatIMG1385.jpg

ཚོགས་ཐོག་ཏུ། 《རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་ཐབས》དང《རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་དྲ་རྒྱ་དང་སྨྱན་སྦྱོར་གསར་བའི་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱེད་ཐབས》《 རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་མིང་བརྡ་གསར་བ་ཞིབ་དཔྱད་ཇུས་གཞི》《 རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་ཚོགས་ཞུགས་ལས་ཁུངས་སོ་སོས་གཙོ་སྒྲུབ་ལས་ཁུངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་མངོན་མཚོན་བྱེད་པའི་གསར་འགྱུར་བརྩམས་ཆོས་ལ་གཟེངས་རྟགས་སྟེར་བའི་སྐོར་གྱི་ཐག་གཅོད》བཅས་ལ་གྲོས་འཆམ་བྱུང་། 

1WechatIMG397.jpg

ཚོགས་འདུ་ལས་འདས་ཟིན་པའི་ལོ་ངོ་གཉིས་རིང་རྒྱལ་ཡོངས་ཀྱི་བོད་སྐད་ཡིག་སྨྱན་སྦྱོར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསམ་བློ་དྲིལ་བསྒྲགས་དང་གསར་འགྱུར་གླེང་ཕྱོགས་བྱ་བའི་རྣམ་བཤད་གལ་ཆེན་དང་གསུང་བཤད་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བཀོད་སྒྲིག་བླང་བྱ་ནན་ཏན་སྒོས་ལག་བསྟར་བྱས་ལ། རང་འགུལ་ངང་དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད་བྱེད་པ། ན་གཞོན་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་སྤེལ་གཏོང་བ། སྣང་བརྙན་མངོན་པར་མཚོན་པའི་ལས་འགན་ཕྲག་ཏུ་འཁུར་བ་མ་ཟད། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་བརྒྱུད་དེ། བོད་སྐད་ཡིག་སྨྱན་སྦྱོར་གྱི་ལས་ཁུངས་ཕན་ཚུན་བར་ཉམས་མྱོང་དང་བསམ་བློ་བརྗེ་རེས་ལ་ཤུགས་སྣོན་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་འདོན་སྤྲོད། སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་གསར་སྐྲུན་བྱས་ཡོད་ཅེས་བསྟན།

1WechatIMG407.jpg

ཚོགས་འདུའི་སྟེང་། 2021ལོའི་ཟླ7པའི་ཚེས1ཉིན་ནས2023ལོའི་ཟླ6པའི་ཚེས30ཉིན་བར་གྱི་ལོ་གཉིས་རིང་། རྒྱལ་ཡོངས་བོད་སྐད་ཡིག་གི་སྨྱན་སྦྱོར་ལས་ཁུངས་ཏེ་ཚགས་པར་དང་རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ། སྨྱན་སྦྱོར་གསར་བ་བཅས་ཀྱི་སྟེང་སྤེལ་བའི་ལེགས་རྩོམ407ལས335ལ་ཕུལ་བྱུང་བརྩམས་ཆོས་ཀྱི་གཟེངས་རྟགས་ཐོབ་པ་དང་ལས་ཁུངས་སོ་སོས་འཚོལ་བསྡུ་བྱས་པའི་མིང་བརྡ376ལས་མིང་བརྡ་གསར་བ92ལ་ཞིབ་དཔྱད་གཏན་འབེབས་བྱས་ཏེ་གཅིག་གྱུར་སྒོས་བེད་སྤྱོད་གཏོང་རྒྱུའི་བླང་བྱ་བཏོན།

11950A9098.jpg

22WechatIMG1384.jpg

ཚོགས་འདུའི་སྐབས།  "ཀན་ལྷོར་དམིགས་ཏེ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། 'ཚོན་མདངས་རྣམ་པར་བཀྲ་བའི་ཤམ་བྷ་ལར'བཅར་འདྲི་གཏིང་ཟབ་བྱེད་པའི"གཅིག་སྡུད་བཅར་འདྲིའི་བྱ་འགུལ་སྤེལ་ཏེ། ཚོགས་ཞུགས་མི་སྣ་རྣམས་རྒྱལ་ཡོངས་ཀྱི་ཞི་མཐུན་དགོན་སྡེའི་སྔོན་ཐོན་སྡེ་ཚན་ཏེ་བསང་ཆུ་རྫོང་གི་བླང་བྲང་དགོན་པ་དང་། ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བ། ཀླུ་ཆུ་རྫོང་གི་མཚོ་ཉིད་གྲོང་རྡལ་ཀ་ཤུལ་སྡེ་བ། གཙོས་གྲོང་ཁྱེར་གྱི་རྒྱ་མཁར་སྲང་ལམ་རྒྱ་ར་འགབ་མ་སྡེ་བ་དང་མཛོད་དགེ་སྨད་མ་གྲོང་རྡལ་རྔོག་དཀར་སྡེ་བ། ལིན་ཐན་རྫོང་གི་འགོ་ནང་ཐང་གྲོང་རྡལ་ཁྲི་ཀོའུ་སྡེ་བ་དང་མིའོ་ཀོའུ་སྡེ་བ་བཅས་སུ་བསྐྱོད་དེ་ཡུལ་དངོས་ཀྱི་གནས་ཚུལ་ལ་བཅར་འདྲི་བྱས། 

11950A9362.jpg

22WechatIMG1383.jpg

ཚོགས་ཞུགས་མི་སྣ་རྣམས་ཀྱིས། སྔར་ལས་ལྷག་པར་སྨྱན་སྦྱོར་ལས་ཁུངས་ཕན་ཚུན་བར་བསམ་བློ་བརྗེ་རེས་དང་ཐོན་ཁུངས་མཉམ་སྤྱོད། མཉམ་ལས་གཏིང་ཟབ། བརྩམས་ཆོས་མཉམ་སྤྱོད་བཅས་བྱེད་པའི་ཐབས་ལམ་རྒྱ་བསྐྱེད་དང་རྒྱ་ཆེར་བཏང་སྟེ། སྨྱན་སྦྱོར་ལས་རིགས་དར་རྒྱས་སུ་གཏོང་དགོས་ཚུལ་བསྟན། 

222WechatIMG1386.jpg

111IMG_2251.jpg

སྐབས་རྗེས་མའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དེ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གསར་འགྱུར་འཕྲིན་སྦྱོར་ལྟེ་གནས་ཀྱིས་འགན་སྒྲུབ་གནང་རྒྱུ་རེད། །

1WechatIMG405.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།