ཀྲུང་གོ་བོད་ཀྱི་དྲ་བ།

ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོད་སྡེ་བའི་རྣམ་པ་གསར་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20230816201413.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ། མཁའ་འགྲོ་ཚེ་བརྟན། བསམ་འཕེལ་ནོར་བུ། མཁའ་མཚོ་སྐྱིད། ) ཟླ8པའི་ཚེས16ཉིན། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པར་ཞུགས་པའི་གསར་འགོད་པ་རྣམས་བསང་ཆུ་རྫོང་ཨ་མཆོག་གྲོང་རྡལ་རྔ་རྒོལ་སྡེ་བར་བསྐྱོད་དེ་ཡུལ་དེའི་ལྟ་ན་སྡུག་པའི་རང་བྱུང་ཁོར་ཡུག་དང་ཡིད་དུ་འོང་བའི་གྲོང་གསེབ་དར་སྤེལ་གྱི་གྲུབ་འབྲས་ལ་རྒྱུས་ལོན་དང་བཅར་འདྲི་བྱས།

微信图片_20230816230549.jpg

རྔ་རྒོལ་སྡེ་བ་ནི་བསང་ཆུ་རྫོང་གི་ལྷོ་ཕྱོགས་ཏེ་བསང་ཆུ་གནམ་གྲུ་ཐང་ལ་འགྲོ་སའི་ལམ་འགྲམ་དུ་གནས་ལ། གཙོ་བོར་ཕྱུགས་ལས་དང་ཞིང་ལས་གཉེར་བཞིན་པའི་སྡེ་བ་ཞིག་རེད། ཉེ་བའི་ལོ་ཤས་རིང་། རྔ་རྒོད་སྡེ་བས་རང་སྡེ་བའི་ས་བབ་ཆགས་ས་དང་ཐུན་མིན་གྱི་མཛེས་ལྗོངས། དམངས་སྲོལ་རིག་གནས་བཅས་ལ་རྐང་བཙུགས་ཏེ། རྒྱལ་ཡོངས་ཀྱི་ཁྱད་འཕགས་ཡུལ་སྐོར་གྱི་སྤྲོ་གསེང་གཏོང་ས་དང་རིག་གནས་ཡུལ་སྐོར་བྱེད་ས་བསྐྲུན་པར། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་དང་ཡུལ་སྐོར་དཔེ་སྟོན་སྡེ་བ་སོགས་ཀྱི་ལས་གཞི་སྣ་མང་བརྩོན་ལེན་བྱས་ཤིང་། སྔ་རྗེས་སུ་རྔ་རྒོད་དམངས་སྲོལ་གྲོང་སྡེ་དང་དམངས་སྲོལ་རོལ་མྱོང་མགྲོན་ཁང་། ཨ་མྱེས་གོང་སྔོན་ཕྱུགས་རའི་མགྲོན་ཁང་། མེ་ཏོག་སྣ་བརྒྱའི་སྤྱི་གླིང་སོགས་ཡུལ་སྐོར་གྱི་རྨང་གཞི་སྒྲིག་བཀོད་གསར་འཛུགས་དང་ལེགས་སྒྲིག ཞབས་ཕྱིའི་རྣམ་པ་འཐུས་ཚང་དུ་གཏོང་བཞིན་ཡོད། 

微信图片_20230816230500.jpg

རྒྱུས་ལོན་པ་ལྟར་ན། སྡེ་བ་དེས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི1.2ལྷག་དང་། ཀྲུང་དབྱང་དང་ཞིང་ཆེན། བོད་འབྲེལ་ས་ཁུལ་གྱི་ཁུལ་དང་རྫོང་ཁག་སོ་སོ་ནས་ཡོང་བའི་ལྟ་སྦྱོང་བྱ་འགུལ་ཐེངས100ལྷག་ལ་སྣེ་ལེན་བྱེད་བཞིན་ཡོད་ལ། ལོ་རེར་ཁྱིམ་ཚང་རེར་ཡུལ་སྐོར་ཡོང་འབབ་གྱི་ཐོབ་ཆ་སྒོར་ཁྲི1རེ་དང་སྡེ་བའི་ཐུན་མོང་གི་ཡོང་འབབ་སྒོར་ཁྲི100ལ་སླེབས་ཡོད། །

微信图片_20230816230527.jpg

微信图片_20230816233251.jpg

微信图片_20230816230610.jpg

微信图片_20230816230601.jpg

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།