ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་གྲ་སྒྲིག་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།


640.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས13ཉིན།  རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་གྲ་སྒྲིག་ཚོགས་འདུ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་བསྡུས་ཤིང་།  ཀན་ལྷོ་ཉིན་རེའི་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་དཔག་སྐྱབས་ཀྱིས་ཚོགས་འདུར་མགོ་འཛིན་གནང་ཞིང་།  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཚེ་མགོན་དང་ཚོགས་ཞུགས་སྨྱན་སྦྱོར་ཁག་གི་འབྲེལ་ཡོད་མི་སྣ་དག་ཚོགས་འདུར་ཞུགས། 

640 (1).jpg

གྲོས་ཚོགས་སུ། ཀན་ལྷོའི་གསར་འགྱུར་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཚོགས་ཞུགས་མི་སྣ་ཡོངས་ལ་སྐབས་འདིའི་ཚོགས་འདུ་གྲ་སྒྲིག་བྱས་པའི་གནས་ཚུལ་དང་ཚོགས་འདུའི་གྲོས་རིམ། ཉིན་རེའི་བཀོད་སྒྲིག གྲོས་ཚོགས་ཀྱི་ལས་འགན་སོགས་དོན་ཚན་རེ་རེ་བཞིན་ངོ་སྤྲོད་ཞིབ་མོ་བྱས།640 (2).jpg

གྲོས་ཚོགས་ཀྱིས་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་དཔྱད་འདེམས་ཚན་ཆུང་གི་མིང་ཐོ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་གསར་འགྱུར་རྩོམ་ཡིག་དཔྱད་འདེམས་བྱེད་ཐབས(གྲོས་བསྡུར་མ་ཟིན)དང་། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་བརྡ་ཆད་གསར་པ་ཞུས་བཤེར་ཇུས་གཞི། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་དྲ་རྒྱ་དང་སྨྱན་སྦྱོར་གསར་པའི་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱ་ཐབས(གྲོས་བསྡུར་མ་ཟིན)དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་ཚོགས་ཞུགས་སྨྱན་སྦྱོར་ལས་ཁུངས་སོ་སོའི་གཙོ་སྒྲུབ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཚོན་པའི་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་བྱས་ཏེ་བྱ་དགའ་སྤྲོད་པའི་བྱ་བའི་སྐོར་གྱི་གཏན་འབེབས(གྲོས་བསྡུར་མ་ཟིན)བཅས་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་ཕུལ་བྱུང་བརྙན་འཕྲིན་ལེ་ཚན་དཔྱད་འདེམས་བྱེད་ཐབས(གྲོས་བསྡུར་མ་ཟིན)ལ་གྲོས་བསྡུར་བྱས། དེ་མིན་ད་དུང་གྲོས་ཞིབ་བྱས་པ་བརྒྱུད་ནས་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་རྔ་བ་ཁུལ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱ་རྒྱུ་གཏན་འབེབས་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།