ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-08-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《ཀན་ལྷོའི་ཉིན་རེའི་གསར་འགྱུར》( བོད་རྒྱ་ཡིག ) བཏོན་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་བསྡུས་པ།

1WechatIMG369.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ( གསར་འགོད་པ།  མཁའ་འགྲོ་ཚེ་བརྟན། བསམ་འཕེལ་ནོར་བུ། མཁའ་མཚོ་སྐྱིད ) ཟླ8པའི་ཚེས14ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཀན་ལྷོའི་ཉིན་རེའི་ཚགས་པར་ཁང་གིས་འགན་སྒྲུབ་བྱས་པའི《ཀན་ལྷོའི་ཉིན་རེའི་གསར་འགྱུར》( བོད་རྒྱ་ཡིག ) བཏོན་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཅིག་པའི་མགོ་རྩོམ་མཛད་སྒོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་དུ་བསྡུས། 

950A9010.jpg

950A9013.jpg

མགོ་རྩོམ་མཛད་སྒོའི་སྟེང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོལ་པུའུ་ཡི་པུའུ་ཀྲང་མཱ་ཡུས་དང་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུང་ཡན་ཆིན་སོགས་ཀན་ལྷོ་ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད་ཀྱིས་ཤིས་ཚིག་ཕུལ་བ་དང་། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུའི་ཚོགས་གཙོའམ་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཡེ་ཤེས་རྒྱ་མཚོས་གསུང་བཤད་གནང་། 

950A9022.jpg

ཐེངས་འདིའི་ཚོགས་འདུའི་ཚོགས་ཡུན་ཉིན4ཡིན་ལ། དེའི་རིང་ཐེངས་འདིའི་ཚོགས་འདུར་ཕུལ་བའི་འགྲན་ཞུགས་བརྩམས་ཆོས400ལྷག་ལ་དཔྱད་འདེམས་དང་། བརྡ་ཆད་གསར་པ370ལྷག་ལ་ཞིབ་དཔྱད་གཏན་འབེབས། དེ་མིན་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ཉམས་མྱོང་བརྗེ་རེས་བྱ་རྒྱུ་ལས་གཞན། ཀན་ལྷོ་ཁུལ་བསང་ཆུ་རྫོང་དང་ཀླུ་ཆུ་རྫོང་། ལིན་ཐན་རྫོང་སོགས་སུ་ཆེད་དོན་བཅར་འདྲི་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་རེད།

950A9018.jpg

950A9037.jpg

950A9069.jpg

ཐེངས་འདིའི་ཚོགས་འདུར་པེ་ཅིན་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན་སོགས་ལྗོངས་ཞིང་ལྔའི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རྒྱང་སྒྲོག་བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་ལས་ཁུངས29ཡི་ལས་བྱེད་མི་སྣ61ཞུགས་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།