ཀྲུང་གོ་བོད་ཀྱི་དྲ་བ།

ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་གྱིས2023ལོའི་འབྲི་མོའི་འོ་ལས་འཕེལ་རྒྱས་གླེང་སྟེགས་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2023-08-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས29ཉིན། 2023ལོའི་འབྲི་མོའི་འོ་ལས་འཕེལ་རྒྱས་གླེང་སྟེགས་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོད་གྲོང་ཁྱེར་ནས་སྤེལ་མགོ་བརྩམས།

གླེང་སྟེགས་ཐོག་རྒྱལ་ནང་གི་ཆེད་མཁས་པ་དང་མཁས་པ་ཚོས་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོར་གཞི་བཟུང་ནས་གཞི་འཛིན་ས་མི་གཅིག་ས་ནས་རང་གི་བསམ་འཆར་བཏོན་པ་དང་། གཏིང་ཟབ་སྒོས་ད་ལྟའི་འབྲི་མོའི་འོ་ལས་འཕེལ་རྒྱས་གནས་ཚུལ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། འབྲི་མོའི་འོ་ལས་མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་འཚོལ་ཞིབ་དང་སྔོན་དཔག་བྱས་ནས། འཕེལ་རྒྱས་འཐབ་ཇུས་དང་ལས་རིགས་ཇུས་འགོད། ཐོན་ལས་སྲིད་ཇུས། ཚན་རིག་ཚོང་གཉེར་དོ་དམ། དེང་རབས་ལག་རྩལ་བེད་སྤྱོད་བཅས་ཀྱི་ཕྱོགས་ནས་བསམ་ཕྱོགས་གསར་བ་དང་ཆོད་གཏམ་གསར་བ། འདུ་ཤེས་གསར་བ་ཆགས་ཏེ་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་བསམ་ཚུལ་མང་པོ་བཏོན།

ཀན་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཧི་མོའུ་པའོ་ཡིས་བསྟན་དོན། ཀན་ལྷོ་ནི་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་ཞིང་ཆེན་གསུམ་གྱི་འདྲེས་སར་གནས་ཤིང་། དེ་ནི་རྨ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་ཁུལ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་ལ། རྒྱལ་ཡོངས་ཀྱི་འབྲོག་ཁུལ་ལྔའི་གྲས་དང་ཞིང་ཆེན་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་རྟེན་གཞི་གཙོ་བོ་ཡིན། ཀན་ལྷོའི་འབྲི་མོའི་འོ་ལས་ཐོན་རྫས་ལ“འོ་མ་རྩ་ཆེན”ཞེས་པའི་མཚན་སྙན་ལྡན་པས་གསར་སྤེལ་རིན་ཐང་ཡོད་པའི་རང་བྱུང་ནོར་བུ་ཡིན་པས་འབྲི་མོའི་འོ་ལས་འཕེལ་རྒྱས་སུ་གཏོང་རྒྱུར་ཐུན་མོང་མ་ཡིན་པའི་ལེགས་ཆ་ལྡན། ཉེ་བའི་ལོ་འགའི་རིང་ལ“ཀྲུང་གོའི་འབྲི་མོའི་འོ་མའི་ཕ་སའི”མཚན་སྙན་དང“ཀན་ལྷོའི་འབྲི་མོའི་འོ་ཕྱེ”ས་གཤིས་མིང་རྟགས་སྲུང་སྐྱོང་ཐོན་རྫས་ཀན་ལྷོ་རུ་གཞི་ཚུགས་ནས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་འབྲི་མོའི་འོ་མའི་ཐོན་རྫས་རབ་དང་རིམ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་ཤིང་། ཀྲུང་ཧྭའི་གཙོད་དང་ཞོ་སྟོན་སོགས་ཀྱི་ཁེ་ལས་ཁྱུ་ཚོགས་གཙོ་བོ་འཕེལ་རྒྱས་བྱུང་། ད་ལོར་ས་གནས་ཀྱིས་ཐོན་ཁུངས་ནུས་པ་དང་ཐོན་ལས་རྨང་གཞི་གཙོ་བོར་བཟུང་ནས“འབྲི་མོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་འཐབ་ཇུས་བཏོན་པ་དང་། གསར་སྤེལ་སྐུལ་འདེད། གྲངས་འཛིན་ནུས་འདོན། གཙོ་བོས་སྣེ་ཁྲིད། འོ་མའི་ཐོན་རྫས་ཁྲོམ་རར་མྱུར་དུ་བསྐྱོད་པ་བཅས་བྱས་ནས་འབྲི་མོའི་འོ་ལས་ལ་ཤུགས་ཆེན་པོ་བསྣོན་རྒྱུ་ཡིན། 

རྒྱུས་ལོན་པ་ལྟར་ན། ཀན་ལྷོ་ཁུལ་གྱིས་ཐེངས་འདིའི་གླེང་སྟེགས་དང་གན་རྒྱ་གོ་སྐབས་སུ་བྱས་ནས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ནུས་པ་དང་འབྲི་མོའི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་དམིགས་ཚད་བྱས་ཏེ་ད་ཡོད་འབྲི་མོའི་འོ་མའི་ཁེ་ལས་ལས་སྣོན་ཞིབ་འཇུག་གསར་སྤེལ་ནུས་པར་བརྟེན་ནས། ཕྱོགས་ཡོངས་ནས་ལག་རྩལ་ཞིབ་འཇུག་གསར་སྤེལ་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱི་དང་རྒྱལ་ནང་གི་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་ལས་རིགས་རྩ་འཛུགས་དང་མཉམ་ལས། བརྗེ་རེས་བྱེད་པ་རྒྱ་ཆེར་བཏང་ནས། རྒྱུད་བཟང་ཅན་གསོ་སྤེལ་དང་འོ་མའི་འབྱུང་ཁུངས་རྟེན་གཞི་འཛུགས་སྐྲུན། འབྲི་མོའི་འོ་མའི་ཞབས་ཞུ་མ་ལག་འཛུགས་སྐྲུན། ལག་རྩལ་གསར་སྤེལ། མིང་རྟགས་གསོ་སྐྱོང་སོགས་ཀྱི་ཕྱོགས་ལ་ཐོལ་བརྒལ་བྱས་ཏེ། “རྒྱུད་སྤེལ་དང་གསོ་སྤེལ་གཞི་གཅིག་ཅན་དང་། ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཅན”གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་བོ་དང་རིན་ཐང་སྦྲེལ་ཐག་ཧྲིལ་བོ། མིང་རྟགས་སྦྲེལ་ཐག་ཧྲིལ་བོའི་འཕེལ་རྒྱས་ལམ་བུ་བཏོད་རྒྱུ་རེད། ། 

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།